དོལ་པོ་འཆི་མེད་ཚེ་དབང་ལགས་ནས་འཕྲིན་སྟེགས་འདི་བརྒྱུད་བོད་རིགས་སྤུན་ཟླ་ཡོངས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ།

 

རང་རེའི་བོད་པ་ནི་མདོ་དབུས་ཁམས་གསུམ་ཙམ་མ་ཟད། རི་བོ་ཧི་མ་ལ་ཡའི་མཐའ་འཁོར་གྱི་བལ་ཡུལ་དང་རྒྱ་གར། འབྲུག་ཡུལ། ཕ་ཀི་སི་ཐན་སོགས་སུའང་ཁྱབ་ཡོད་ཅིང་། དེ་དག་ཕལ་ཆེ་བར་ཡང་བོད་ཀྱི་ལོ་གསར་གཏོང་སྲོལ་མ་ཉམས་པར་གནས་ཡོད།

བལ་པོའི་རྒྱལ་ས་ཀ་ཏ་མན་རྡུ་རུ་བཞུགས་པའི་དོལ་པོའི་སྤུན་ཟླས་ཞབས་བྲོ་འཁྲབ་ནས་ལོ་སར་དགའ་གཏོང་བྱེད་བཞིན་པའི་རྣམ་པ། (པར་མཁོ་འདོན་མཁན་དོལ་པོ་འཆི་མེད་ཚེ་དབང་ལགས།)

བལ་ཡུལ་རྒྱལ་ཁོངས་ཀྱི་དོལ་པོ་ཞེས་པ་ནི་ཕལ་ཆེ་བ་ལྷོ་སྨོན་ཐང་(གློ་སྨོན་ཐང་ངམ་སྨོན་ཐང་ཞེས་འབྲི་སྲོལ་ཡང་ཡོད།)དུ་ཡོད་ཅིང་། མི་གྲངས་༡༥༠༠༠ཙམ་ཡོད་པ་དང་། ས་དེའི་ཆ་སྙོམས་ས་བབ་མཐོ་ཚད་ནི་རྒྱ་མཚོའི་ངོས་ལས་སྨི་༢༥༠༠ཡས་མས་ཡིན་ལ། ལྷོ་སྨོན་ཐང་གི་བྱང་ཕྱོགས་བོད་ལྗོངས་གཞིས་རྩེའི་འབྲོང་པ་རྫོང་དང་ས་དགའ་རྫོང་གཉིས་དང་འབྲེལ་ཡོད་ལ། དབྱར་དུས་སུ་བོད་ལྗོངས་འབྲོང་པ་རྫོང་དུ་དོལ་པོའི་བར་དང་ལ་སྟོད་ཚོང་ར་དང་ལ་སྨད་ཚོང་ར་ཞེས་པའི་ཚོང་འདུས་གཉིས་ཀྱང་འཚོག་བཞིན་ཡོད།

བལ་ཡུལ་དུ་ཡོད་པའི་དོལ་པོ་ནི་ལོ་རྒྱུས་ཐོག་གནའ་བོའི་ཞང་ཞུང་གི་ཁོངས་སུ་གཏོགས་ཤིང་མངའ་རིས་དོལ་པོ་ཞེས་ཡུལ་མི་ཚོའི་ངག་རྒྱུན་དུ་ཡོད། ཕྱིས་སུ་བོད་སིལ་བུར་ཐོར་རྗེས་བཙན་པོའི་རྒྱལ་རྒྱུད་ཀྱི་རྒྱལ་ཕྲན་ཡ་ཙེ་འཛུམ་གླང་དང་། མང་ཡུལ་གུང་ཐང་། ཕྱིས་ཀྱི་གློ་བོ་རྒྱལ་རྒྱུད་བཅས་ཀྱི་ཁོངས་སུ་ཕར་རྩོད་ཚུར་རྩོད་ཀྱིས་བར་དུ་གནས། དུས་རབས་བཅུ་དགུ་བའི་དུས་མཇུག་ཙམ་ནས་རིམ་བཞིན་བལ་ཡུལ་གྱི་རྒྱལ་ཁོངས་སུ་གཏོགས་པར་གྱུར།


ཝེ་ཁེ་རིག་མཛོད་དུ་གསལ་བའི་དོལ་པོའི་ལོ་རྒྱུས་མདོར་བསྡུས།
རྩོམ་སྒྱུར་བ། མྱི་གསོན་པོ།

སྤྱི་ལོའི་དུས་རབས ༦ ནས ༨ བར་དུ་ཡར་ལུང་རྒྱལ་རབས་ཀྱིས་བོད་སྐད་སྨྲ་བའི་ཡུལ་གྲུ་ཕལ་མོ་ཆེ་དབང་དུ་བསྡུས་ཤིང་། དེའི་སྐབས་ནས་བོད་ཀྱི་མངའ་ཁོངས་ནི་དོལ་པོ་དང་བུམ་ཐང་སོགས་བོད་ལྷོ་ཕྱོགས་ཀྱི་མཐའ་གྲུ་གཞན་ཏེ་ཁཱ་ལེ་གན་དྷ་ཁེ་གཙང་པོའི་རྒྱུད་དུ་བསྐྱེད་པར་དབུ་ཚུགས་པ་འདྲ། གང་ལྟར། དོལ་པོ་བྱ་བའི་ཡུལ་མིང་འདི་ནི་སྤྱི་ལོའི་དུས་རབས ༨ ནས་བཟུང་(བོད་ཀྱི་)ལོ་རྒྱུས་དེབ་ཐེར་དུ་མངོན་ནོ། །


ཡང་སྤྱི་ལོ ༨༤༢ ལོར་བོད་སིལ་བུར་ཐོར་བ་དང་དོལ་པོ་ཡང་སྤུ་རངས་རྒྱལ་ཕྲན་གྱི་མངའ་འོག་ཏུ་ཚུད། ལར་སྤུ་རངས་དང་དོལ་པོ་གཉིས་ནི་དུས་རབས ༡༠ ནང་དུ་རེ་ཞིག་གུ་གེ་རྒྱལ་པོའི་ཆབ་འོག་ཏུ་གཏོགས་མོད། འོན་ཀྱང་། སྐྱིད་ལྡེ་ཉི་མ་མགོན་གྱིས་གུ་གེ་ཁག་གསུམ་དུ་བཏང་སྟེ་ཁོང་གི་སྲས་གསུམ་(སྟོད་ཀྱི་མགོན་གསུམ།)ལ་བགོས་པ་ནས་བཟུང་དོལ་པོ་དང་གུ་གེ་ཡང་སླར་གྱེས་སོ། །
འོན་ཀྱང་། སྤྱི་ལོ ༡༢༥༣ ཡས་མས་ཏེ་ཡ་ཙེ་རྒྱལ་པོ་ཨ་སོག་ལྡེས་སྲིད་སྐྱོང་བའི་རིང་དོལ་པོ་དང་ས་རུབ་གཉིས་གུང་ཐང་མགོན་པོ་ལྡེའི་ཆབ་འོག་ཏུ་ཤོར་ལ། ཕྱིས་སུ་དོལ་པོ་དང་ས་རུབ་གཉིས་ཟླ་སྒྲིལ་བ་མངའ་རིས་སྐོར་གསུམ་ལས་གཅིག་གི་ནང་ཚན་དུ་གྱུར་ཏོ། །ཡང་ཅིག་བཤད་ན། སོག་པོས་བོད་ཀྱི་ས་གནས་མང་པོ་དབང་བསྒྱུར་ཚེ་དེའི་དམག་དཔུང་དོལ་པོར་བསླེབས་ཏེ་ཡུལ་དེ་ཡང་དབང་དུ་བསྡུས་ཤིང་། མཐར་བོད་ཀྱི་སྲིད་དབང་ས་སྐྱར་ཕུལ་པ་སོགས་ཀྱང་ལོ་རྒྱུས་ཡིག་ཚང་དུ་བཀོད་དོ། །

ཡང་དུས་རབས ༡༤ ནང་དུ་དོལ་པོ་ནི་ཤར་གྱི་ཁྱིམ་མཚེས་རྒྱལ་ཕྲན་ཏེ་ལྷོ་སྨོན་ཐང་གི་འོག་ཏུ་ཚུད་ཅིང་། དེས་ནི་ཁཱ་ལེ་གན་དྷ་ཁེའི་གྲག་ཤུར་ལ་བརྟེན་ནས་སྐབས་དེའི་ཧི་མ་ལའི་ཚོང་ལམ་བཟུང་ཡོད།
དེའི་དུས་དོལ་པོས་ལྷོ་སྨོན་ལ་དཔྱ་ཁྲལ་སྤྲོད་དགོས་པར་མ་ཟད་དོལ་པོ་བ་རྣམས་དེར་ཆས་ནས་ངལ་རྩོལ་གྱི་སྲིད་ཞུ་ཡང་སྒྲུབ་དགོས་སོ། །

འོན་ཀྱང་། དུས་རབས ༡༥ (1440?) ནས ༡༦ བར་དུ་དོལ་པོར་རང་བཙན་ཉི་ཚེ་བ་ཞིག་ཐོབ་ལ། ར་ན་རྒྱལ་རབས་ཀྱི་རྒྱལ་པོ་ཞིག་གིས་དེར་མངའ་མཛད།
སྤྱི་ལོ ༡༧༦༩ ལོར་གོར་ཁས་ཀ་ཊཱ་མན་གྲོ་བཟུང་སྟེ་བལ་ཡུལ་རྒྱལ་བོའི་ཁབ་བཙུགས་ཤིང་། དེ་ནི་ད་ལྟའི་བལ་བོའི་མངའ་ཁོངས་འདི་ཡིན།

སྤྱི་ལོ ༡༧༨༩ ལོར་བལ་བོས་ལྷོ་སྨོན་རྒྱལ་ཕྲན་ཁྱུར་མིད་དུ་བཏང་ཞིང་། དེའི་ཞོར་ལ་དོལ་པོ་ཡང་དྲུད་དོ། །

 

བཀླག་བདེ་ཕྱིར་མ་རྩོམ་གྱི་ཡུལ་མིང་འགའ་ཤན་སྦྱར་དུ་བཀོད་པ།
Serib ས་རུབ(?)།
Kathmandu ཀ་ཊཱ་མན་གྲོ། (བལ་བོའི་རྒྱལ་ས།)
Kali Gandaki River (ལྷོ་སྨོན་དང་ས་རུབ།) ཁཱ་ལེ་གན་དྷ་ཁེ་གཙང་བོ།
Kali Gandaki Gorge ཁཱ་ལེ་གན་དྷ་ཁེའི་གྲག་ཤུར།
Ra nag dynasty ར་ན་(?)རྒྱལ་རབས།
མ་ཡིག་ནང་གི་Ra nag དང Serib་ཞེས་པའི་མིང་འདི་གཉིས་བོད་སྐད་དུ་ར་ན་ དང་ས་རུབ་ཅེས་བྲིས་ཡོད། འགྲིག་མིན་ཆ་མ་འཚལ་བས་རེ་ཞིག་དོགས་གནད་དུ་བསྐྱུར་ཡོད།

ཞར་བཀོད། དབྱིན་ཡིག་མ་རྩོམ།

History Of Dolpo

Dolpo appears in historical records since c. 8th century. In the time from the 6th century to the 8th century the Tibetan Yarlung dynasty conquered most Tibetan-speaking territories. This seems to have caused a southward migration towards Dolpo and the peripheral areas along the upper Kali Gandaki River (Lo and Serib). In 842, Tibet fell apart, and Dolpa fell under the kingdom of Purang. Purang and Dolpa became temporarily part of the kingdom of Guge in the 10th century, but soon became separate again when King sKyid lde Nyi ma mgon divided Guge among his three sons.
During the reign of the Ya-rtse king A-sog-lde around 1253 both Dolpo and Serib were lost to the ruler of Gungthang, mGon po lde. The latter then reunited both the Dolpo and Serib and classified them among one of three provinces of mNga’ ris. It is also known from historical documents that Mongolian troops reached Dolpo to conquer this province when they conquered many parts of Tibet and finally handed over the power to the ruler of the Sakya period.
In the 14th century Dolpo fell under its eastern neighbor the Kingdom of Lo, which controlled the trans-Himalayan trade route through the Kali Gandaki Gorge. The Dolpo had to pay tax and travel to Lo Monthang to provide manual labor.[1]:60–62
For some time between the 15th century (1440?) and the 16th century, Dolpo was temporarily independent and ruled by a king from the Ra nag dynasty.
In 1769, the Gorkhas conquered Kathmandu and established the Kingdom of Nepal, which would soon reach more or less the country’s modern extent. In 1789, Nepal swallowed the Lo kingdom and with it Dolpo.

འདྲ་པར་དང་གསལ་བྱེད་ཀྱི་ཡོངས་ཁུངས། བོད་སྐད་འཕྲིན་གྱི་ཕོ་ཉ།