དེ་རིང་དབྱིན་ཡིག་གི་དྲ་རྒྱ་ཞིག་ལ་ཀློག་སྐབས་བཙན་པོ་དྲ་བ་འདི་ཡོད་པ་ཤེས། དེ་ནས་མགྱོགས་པོར་དྲ་རྒྱ་ཁ་ཕྱེ་སྟེ་ཐོ་འགོད་བྱས། དྲང་མོར་བཤད་ན། ས་གནས་འདི་ནི་ངས་བོད་ཡིག་གི་ལམ་ནས་རྩོམ་འབྲི་བའི་ཉམས་མྱོང་ཐོག་མ་ཡིན་ལ། ཐེངས་དང་པོར་བོད་ཡིག་གི་ཟིན་བྲིས་བཀོལ་སྤྱོད་བྱེད་པ་ཡང་ཡིན། དྲ་བ་འདི་ཡང་ངས་ད་ལྟ་སློབ་སྦྱོང་བྱེད་བཞིན་པའི་ེཆོས་ལུགས། ཆོ་ག་དང་བརྒྱུད་ལམ་་གྱི་སློབ་ཁྲིད་ལ་བེད་སྤྱོད་བྱེད་བཞིན་པའི་ཟིན་བྲིས་དང་ཆ་མཚུངས། གཉིས་ཀ་wordpressཡིན་ལ་ཕྱིའི་རྣམ་པ་དང་སྤྱིང་བཏང་གི་ནུས་པ་ཚང་མ་འདྲ་པོ་འདུག ང་ཚོའི་་སློབ་ཁྲིད་ཟིན་བྲིས་སུ་དཔྱད་རྩོམ་ཐུང་ངུ་ལྔ་དང་རིང་ངུ་གཅིག་འདྲེམས་སྤེལ་བྱེད་དགོས། དེ་ནི་རྒྱུགས་སྐར་གྱི་གྲས་ཡིན་ལ་ངེས་པར་གཟབ་གཟབ་བྱེད་དགོས། འོན་ཀྱང་ད་བར་དུ་གཅིག་ཀྱང་ཕབ་མེད།

དེ་རིང་ནས་བཟུང་། ཕྱིར་བོད་ཡིག་སྦྱང་དགོས་པའི་འདུན་པ་དྲག་པོ་སྐྱེས། དེ་བས་ཡུན་ནས་ཡུན་དུ་རྒྱུན་འཁྱོངས་བྱེད་ཐུབ་པར་སྨོན།