༄༅། །རྒྱ་གར་སྐད་དུ། ཨེ་ཀ་ཀཱར་ཨ་བྷི་དྷ་ན། བོད་སྐད་དུ། ཡི་གེ་གཅིག་པའི་མངོན་པར་བརྗོད་པ།

འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།།

ཨཱ་ག་མེ་བྷྱོ་བྷི་དྷཱ་ནེ་བྷྱོ། །དྷཱ་ཏུ་བྷྱཱཿཤབྡ་ཤཱ་ས་ནཱཏྲ། ། ཨེ་ཏཱི་ཏྱེ་ཀཱ་ཀྵ་རཾ་ནཱ་མ། །བི་དྷཱ་ན་ཀྲི་ཡ་ཏེ་མ་ཡཱ། ། ལུང་རྣམས་ལས་དང་མངོན་པར་བརྗོད་རྣམས་ལ། ། བྱིངས་རྣམས་ལས་དང་སྒྲ་ཡི་བསྟན་པ་ལས། ། ཡི་གེ་གཅིག་པའི་མིང་ཞེས་བྱ་བ་འདི།། བྱུང་བ་མངོན་བརྗོད་བདག་གིས་བརྩམས་པར་བྱ། ༡ ། ཀཱཿཔྲ་ཛཱ་པ་ཏི་རུ་དྷིཥྚཿ། །ཀོ྅རྐ་བཱ་ཡ྄བན་ལེ་ཥུ་ཙ། ། ཀཤྩཱཏྨ་ནི་མ་ཡཱུ་རེ་ཙ། །ཀཿཔྲ་ཀཱ་ཤ་ཨུ་དཱ་ཧྲྀ་ཏཿ། ། ཀ་ནི་སྐྱེ་དགུའི་བདག་པོར་བཤད་པ་སྟེ། ། ཉི་མ་རླུང་དང་མེ་རྣམས་ལ་ཡང་ཀཿ།། རྨ་བྱ་དང་ནི་བདག་ཉིད་ལ་ཡང་ཀཿ། ། རབ་གསལ་བྱེད་ལ་ཀཿཞེས་མངོན་པར་སྨྲ། ༢ ། ཀཾ་ཤི་རོ་ཛ་ལ་མཱ་ཁྱ་ཏཾ། །ཀཾ་སུ་ཁེ྅་བི་ཤུ་བྷེ་པི་ཙ། ། པྲྀ་ཐི་བྱཱཾ་ཀུཿས་མཱ་ཁྱཱ་ཏ། །སྟ་ཐཱ་ཀུཏྶི་ཏ་བྷ་ཥ་ཎེ། ། ཀཾ་ནི་མགོ་དང་ཆུ་ལ་ཀུན་ནས་བཤད། ། དགེ་བ་ཡང་སྟེ་བདེ་བ་ལ་ཡང་ཀཾ།། ཀུ་ནི་ས་ལ་ཡང་དག་བཤད་པ་སྟེ། ། དེ་བཞིན་ངན་པའི་ཚིག་ལའང་བརྗོད་པར་བྱ། ༣ ། ཁ་མིནྡྲི་ཡེ་ཏ་ཐཱ་ཤཱུ་ནྱེ། །ཁ་མཱ་ཀཱ་ཤ་མུ་དཱ་ཧྲྀ་ཏཾ། ། སྭརློ་ཀེ་པི་ཙ་ཁཾ་པྲོཀྟཾ། །ཁཾ་སཱ་མཱ་ནྱེ་པྲ་ཀཱིརྟི་ཏཾ། ། ཁ་ནི་དབང་བོ་དེ་བཞིན་སྟོང་བ་ལ། ། ནམ་མཁའ་ལ་ཡང་ཁ་ཞེས་མངོན་གསུངས་ཏེ།། མཐོ་རིས་འཇིག་རྟེན་ལ་ཡང་ཁ་རབ་བརྗོད། ། སྤྱི་མིང་ལ་ཡང་ཁ་ཞེས་རབ་ཏུ་གྲགས། ༤ ། གོ་ག་ཎེ་ཤཿས་མཱ་ཁྱཱ་ཏོ། །གནྡརྦྷ་གཿཔྲ་ཀཱིརྟི་ཏཿ། ། གཉྩ་གཱི་ཏཉྩ་གཱ་གཱ་ཐཱ། །གཽཤྩ་དྷེ་ནུ་ས་ར་སྭ་ཏཱི། ། གོ་ནི་ཚོགས་ཀྱི་དབང་ལ་རབ་བཤད་དེ། ། དྲི་ཟ་དག་ལ་གཿཞེས་རབ་ཏུ་གྲགས།། གླུ་ལེན་ངག་སྟེ་གཱ་ནི་གཏམ་ཉིད་དོ། ། གཽ་ཡང་འདོད་འཇོ་དང་ནི་དབྱངས་ཅན་མ། ༥ ། གྷོ་གྷན྄ཊཱིཤ་ས་མཱ་ཁྱཱ་ཏ། །ཀིངྐིརྞཱི་གྷཱ་པྲ་ཀིརྟི་ཏཱ། ། གྷོ་མེ་གྷོ་མེ་ཧ་ནེ་གྷརྨེ། །གྷུརྒྷོ་ཎཱ་གྷཱུར྄དྷྭ་ནཱ་བ་པི། ། གྷ་ནི་དྲིལ་ཅན་དབང་བོར་རབ་ཏུ་བཤད། ། སིལ་སིལ་རྒྱན་ལ་གྷ་ཞེས་རབ་ཏུ་བརྗོད། ། གྷོ་ནི་སྤྲིན་དང་བརླན་གཤེར་འབབ་དང་དྲོད།། གྷུ་ནི་སྣ་དང་གྷཱུ་ནི་སྒྲ་ལ་ཡང༌། ༦ ། ང་ཀཱ་རོ་བྷཻ་ར་བཿཁྱཱ་ཏོ། །ང་ཀཱ་རོ་བི་ཥ་ཡཿསྨྲྀ་ཏཿ། ། ཙཤྩནྡྲ་མཱཿས་མཱ་ཁྱཱ་ཏ། །སྟ་ཀཱ་རེ་ཙི་པྲ་ཀཱིརྟི་ཏཿ ། ང་ཡིག་འཇིགས་པ་བྱེད་པོར་གྲགས། ། ཡུལ་རྣམས་ལ་ནི་ང་ཡིག་དྲན། ། ཙ་ནི་ཟླ་བར་ངེས་པར་བརྗོད། ། ཙ་ནི་ཏ་ཡིག་ལ་རབ་གྲགས། ༧ ། ཚཾནིརྨ་ལཾ་ས་མཱ་ཁྱཱ་ཏཾ། །ཏ་ར་ལྱེ་ཚཾ་པྲ་ཀཱིརྟི་ཏཾ། ། མླེ་ཚ་ཛཱ་ཏཽ་ཙ་ཚཿབྲོཀྟཾ། །ཚེད་ནེ་ཚཿཔྲ་ཀཱིརྟི་ཏཿ། ། དྲི་བྲལ་ལ་ནི་ཚ་ཞེས་ཡང་དག་བཤད།། ཚ་ནི་ཅོལ་ཆུང་ལ་ཡང་རབ་ཏུ་གྲགས། ། ཀླ་ཀློའི་རིགས་ལ་ཚ་ཞེས་བཤད་པ་སྟེ། ། ཚ་ནི་གཅོད་པར་བྱེད་ལ་རབ་ཏུ་གྲགས། ༨ ། ཛོ་བེ་གེ་ཙ་ས་མཱ་ཁྱཱ་ཏོ། །ཛ་ན་ནེ་ཛཿཔྲ་ཀཱིརྟི་ཏཿ། ། ཛེ་ཏ་ཛཿཀ་ཐི་ཏཿཤབྡ། །ཤཱ་ས་ནེ་ཤབྡ་བི་དི་བྷིཿ། ། ཛ་ནི་མྱུར་ཤུགས་ཡང་དག་བརྗོད།། སྐྱེ་ལ་ཛ་ཞེས་རབ་ཏུ་སྨྲ། ། སྒྲ་རིག་རྣམས་ཀྱིས་སྒྲ་གཞུང་ལས། ། རྒྱལ་བྱེད་ཛ་ཞེས་གཏམས་དུ་བྱས། ༩ ། ཛྷོ་ནེ་པ་ཐྱེ་ས་མཱ་ཁྱཱ་ཏོ། །ཛྷཾ་ཛྷཱ་བཱ་ཏ་ར་བེ་ཥུ་ཙ། ། ཉ་ཀཱ་རོ་གཱ་ཡ་ནེ་པྲོཀྟོ། །ཉ་ཀཱ་རོ་གྷཱརྒྷ་ར་དྷྭ་ནཽ། ། ཛྷ་ནི་གར་ཆས་གྱོན་ལ་རབ་ཏུ་གྲགས། ། སྐད་གསངས་རླུང་བོ་འོ་དོད་རྣམས་ལ་ཡང༌།། ཉ་ཡིག་བཤད་པ་བྱེད་ལ་རབ་བརྗོད་དེ། ། གྷར་གྷར་སྐྱོད་པའི་སྒྲ་ལ་ཉ་ཡིག་གོ༡༠ ། ཊཿཔྲྀ་ཐི་བྱཱཾ་ས་མཱ་ཁྱཱ་ཏ། །ཥྚོ་དྷྭ་ནཱ་བ་པི་ཀཱིརྟི་ཏཿ། ། ཋ་ཀཱ་ར་ཋ་ཎ་ཀེ་པྲོཀྟོ། །དྷྭ་ནཱ་བ་པི་ཤ་ཋེ་པི་ཙ། ། ཊ་ནི་ས་གཞིར་གསུངས་པ་སྟེ། ། སྒྲ་ལ་ཡང་ནི་ཊ་ཞེས་གྲགས། ། ཋ་ཡིག་ཋཎ་སྐད་ཡིན་པར་གྲགས།། སྒྲ་སྒྲོག་གཡོ་ཅན་ལ་ཡང་ངོ༌། ༡༡ ། གི་རི་ཤཥྛཿས་མཱ་ཁྱཱ་ཏ། །ཥྛཿཤཱུ་ནྱ་པ་རི་ཀཱིརྟི་ཏཿ། ། ཋ་ཀཱ་རཿཀ་ཋི་ཏསྟ་ཛྙཻ། །སྟཐཱ་ཙནྡྲ་སྱ་མ་ལེ། ། ཋ་ནི་རི་འཇོམས་ལ་ཡང་བཤད། ། ཁོང་སྟོང་ཋ་རུ་རབ་ཏུ་བརྗོད། ། དེ་བཞིན་ཟླ་བའི་དཀྱིལ་འཁོར་ལ། ། དེ་ཤེས་ཋ་ཡིག་གཏམ་དུ་བརྗོད། ༡༢ ། ཌཱ་ཀཱ་ར་སཾ་ཀ་རེ་བྷཱི་མེ། །ཌ་ཀ་ར་དྷྭ་ནི་རུ་ཙྱ་ཏེ། ། ཌྷ་ཀཱ་རཿཀཱིརྟི་ཏོ་ཌྷཀྐཱ། །ནི་རྒུ་ཎེ་པི་དྷྭ་ནཽ་ཏ་ཐཱ། ། ཌ་ཡིག་འདུ་བྱེད་འཇིགས་པ་ལ།། སྒྲ་རྣམས་ཌ་ཡིག་རབ་ཏུ་གསལ། ། ཌྷ་ཡིག་རྔ་ལ་གྲགས་པ་སྟེ། ། དེ་བཞིན་སྒྲ་དང་ཡོན་ཏན་མེད། ༡༣ ། ཎ་ཀཱ་རཿཤཱུ་ཀ་ར་ཛྙཱ་ནེ། །ནིརྞྞ་ཡེ་ནིཤྩི་ནིཤྩ་ཡེ་པི་ཙ། ། ཏ་ཀཱ་ར་སྟ་ཀ་རེ་པྲོཀྟཾ། །ཀྲོ་ཌ་སུ་ཚེ་པི་ཀཱིརྟི་ཏཿ། ། ཎའི་ཡི་གེ་ཕག་པར་བཤད། ། དཔང་བོ་བརྗོད་དང་ངེས་པ་ལའང༌། ། ཏ་ཡིག་ཆོམ་རྐུན་ལ་རབ་བརྗོད།། ཕག་གི་མཇུག་མ་ལའང་བཤད། ༡༤ ། ཤི་ལོཙྪ་ཡེ་ཐ་ཀཱ་རཿ། །སྱཱཏྟ་ཐཱ་ཙ་བྷ་ཡ་རཀྵ་ཎེ། ། དོ་བ་ཏེ་བྷྲེ་ཀ་ལ་ཏྲེ་ཙ། །ཚེ་དེ་དཱ་ནེ་ཙ་དཱ་ཏ་རི། ། རྡོ་བ་བརྩེགས་པ་ཐ་ཡིག་སྟེ། ། དེ་བཞིན་འཇིགས་པ་སྲུང་ལའང་དེའོ། ། སྲུང་བ་སྤྲིན་པ་ཆུང་མ་དང༌། ། གཅོད་དང་སྦྱིན་པ་སྦྱིན་པོ་ཡང༌། ༡༥ ། དྷོ་དྷ་ནེ་ཙ་དྷ་ནཱ་དྷྱཀྵེ། །བནྡྷ་ནེ་དྷཱ་ཏ་རི་སྨྲྀཏཿ། ། དྷི་ཥ་ཎཱ་དྷཱིཿས་མཱ་ཁྱཱ་ཏཱ། །དྷཱུ་ཀ་རོ་བྷ་བ་ཙིཏྟ་ཡོཿ། ། དྷ་ནི་ནོར་དང་ནོར་གྱི་རྗེ།། འཆིང་བ་སྦྱིན་བདག་རྣམས་ལ་སྦྱིན། ། བློ་ཅན་བློ་གྲོས་རྣམས་ལའང་བཤད། ། དྷཱུ་ཡིག་དད་དང་སེམས་དག་ལ། ༡༦ ། སྱཱདྦྷཱ་རེ་ཙཻ་བ་དྷཱུ་ཀཱ་ར། །སྟ་ཐཻ་བ་བྷ་ཡ་ཙིནྟ་ནེ། ། ན་ཀཱ་རཿསྱཱཏྣི་ཥེ་དྷེ་ཏུ། །སཽ་ག་ཏེ་ཏུཿསྟུ་སྟོ་སྨྲ་ཏཿ། ། ཡང་དེ་དྷཱུ་ཡིག་ཁུར་བོ་ལ། ། འཇིགས་པ་སེམས་ལའང་དེ་བཞིན་འདི།། ན་ཡིག་དེ་ནི་དགག་པ་དང༌། ། བདེ་གཤེགས་པ་དང་བསྟོད་པར་དྲན། ༡༧ ། ནེ་ཏཱ་ནཿཀ་ཐི་ཏོ་བནྡྷོ། །བྲཀྵེ་སཱུརྱེ་ཙ་ཀཱིརྟི་ཏཿ། ། པཿཀུ་བེ་རེ་ཙ་པཱ་བ་ནེ། །པཱ་ནེ་པཱཿཔཤྩ་མེ་ཏ་ཐཱ། ། ནཿནི་མགོ་བྱེད་གཏམ་དུ་བྱེད། ། གུས་པ་ཤིང་དང་ཉི་མར་བརྗོད། ། པ་ནི་ལུས་ངན་རླུང་ལྷ་དང། ། བཏུང་བྱང་ནུ་ལའང་དེ་བཞིན་པ། ༡༨ ། ཕ་ཨཱབྷ་ནེ་ས་མཱ་ཁྱཱ་ཏཿ། །སཾ་སྠཱ་ནེ་ཕཿཔྲ་ཀཱིརྟི་ཏཿ། ། ཕཿཕུཏྐཱ་རེ་ཙ་ཀ་ཐི་ཏ། །སྟ་ཐཱ་ནིཥྤ་ཕ་ལ་བྷཱ་ཥ་ཎེ། ། ཕ་ནི་འབོད་པར་ཡང་དག་བཤད། ། སྡོད་པ་ལ་ཡང་ཕ་ཞེས་གྲགས། ། ཕ་ནི་ཕུ་ཡིག་ལ་ཡང་སྨྲ། ། དེ་བཞིན་འབྲས་བུ་མེད་པའི་ངག ༡༩ ། བཱཿཔྲ་ཙེ་ཏ་ས་མཱ་ཁྱཱ་ཏཿ། །ཀ་ལ་ཤེ་ཙ་ཏ་ཐཱ་ཕ་ལེ། ། བཀྵ་སྠ་ལེ་ཙ་བཿཔྲོཀྟོ། །ག་དཱ་བཿཀ་ཐི་ཏོ་བུ་དྷཻཿ། ། བ་ནི་ཆུ་ལྷར་ཀུན་ནས་བཤད།། དེ་བཞིན་འབྲས་བུ་བུམ་པ་དང༌། ། བྲང་གི་ཁྱོན་ལའང་བ་རབ་བརྗོད། ། བོང་བུའང་བ་ཞེས་མཁས་པས་བཤད། ༢༠ ། བིཿཔཀྵཱི་ཏ་ཐཱ་པྲོཀྟོག། །ག་ནཾ་བི་པྲ་ཀཱིརྟི་ཏཾ། ། བྷ་ནཀྵ་ཏྲཾ་ས་མཱ་ཁྱཱ་ཏཾ། །བྷྲ་མ་རེ་བྷ་བ་ནེ་ཙ་བྷཿ། ། དེ་བཞིན་བི་ནི་བྱ་ལ་བཤད། ། ནམ་མཁའ་ལ་ཡང་བི་རབ་བརྗོད། ། བྷ་ནི་སྐར་མ་ཡིན་པར་སྨྲ།། བུང་བ་དང་ནི་གནས་ལའང་བྷཿ། ༢༡ ། བྷཱ་དཱིཔྟི་རུཀྟཱ་བྷཱུརྦྷཱུ། །མིརྦྷཱིརྦྷཱི་ཥཱ་ཡཱ་པྲ་ཀཱིརྟི་ཏཱ། ། མཿཤི་བཤྩ་མཱ་བེ་དྷཱ། །མཱ་ལཀྵྨཱི་ཙ་པྲ་ཀཱིརྟི་ཏཱཿ། ། བྷཱ་ནི་འབར་གསལ་ས་འོག་ས་སྟེང་བརྗོད། ། བི་ནི་འཇིགས་སུ་རུང་བར་མངོན་པར་གྲགས། ། མ་ནི་ཞི་བ་ཟླ་བ་ཚངས་པ་ལ། ། དཔལ་མོ་ལ་ཡང་མ་ཞེས་རབ་ཏུ་གྲགས།༢༢། ཏ་ཐཱ་མཱ་ཏ་རི་མཱ་ནེ་ཙ། །བནྡྷ་ནེ་མཿཔྲ་ཀཱིརྟི་ཏཿ། ། ཡཾ་ཡ་ཤཿཀ་ཐི་ཏཾ་ཤིཥྚཻ། །ཪྻོ་བཱ་ཡུ་རི་ཏི་ཤབྟ་ཏཿ། ། དེ་བཞིན་སྐྱེད་མ་ས་མཚམས་དང༌། ། འཆིང་བར་བྱེད་ལ་མ་རབ་བརྗོད། ། ཡ་ནི་གྲགས་པར་མཁས་པས་བཤད། ། རླུང་ལ་བ་ཡི་སྒྲ་རུ་བརྗོད། ༢༣ ། ཡཱ་ནེ་ཡཱ་ཏ་རི་ཏྱ་གེ་ཙ། །ཀ་ཐི་ཏཿཤབྡ་བེ་དི་བྷིཿ། ། རཤྩ་ཀཱ་མེ་ཏ་ཐཱ་སཱུརྱེ། །ཤབྡེ་ཙཻ་བ་པྲ་ཀཱིརྟི་ཏཿ། ། གཞོན་པ་བག་མ་ནང་འཕྲད་དང༌། ། གཏོང་བར་སྒྲ་ཤེས་རྣམས་ཀྱིས་བཤད།། ཉི་མ་འདོད་པ་དེ་བཞིན་རཿ། ། སྒྲ་སྐད་ལའང་རབ་ཏུ་བཤད། ༢༤ ། རཤྩ་རཱམེ྅ནི་ལེ་བ་ཧྣཽ། །ཏ་ཐཱ་བྷཱུ་མཽ་དྷ་ནེ་པི་ཙ། ། ཨིནྡྲི་ཡེ་དྷ་ན་རོ་དྷེ་ཙ། །བྷ་ཡེ་རཤྩ་པྲ་ཀཱིརྟི་ཏཿ། ། དགའ་བྱེད་རླུང་དང་མེ་ལ་ར། ། དེ་བཞིན་ནོར་དང་ས་གཞི་ལ། ། དབང་བོ་རྣམས་དང་ནོར་གཏམས་དང༌། ། འཇིགས་པ་ལ་ཡང་ར་ཞེས་བརྗོད།༢༥། ལཱ་དཱིཔྟིཤྩ་པི་ལཱུརྦྷཱུ་མི། །ལི་བྷ་ཡེ་ཧླཱ་ད་ནེ་པི་ལཿ། ། ལ་ཨིནྡྲེ་ལ་བ་ཎེ་ཙཻ་བ། །ལཱ་དཱ་ནེ་བ་རུ་ཎེ་པི་ཙ། ། ལཱ་ནི་འབར་བྱེད་ལཱུ་ནི་ས། ། ལི་ནི་འཇིགས་པ་ལཿཚིམ་བྱེད། ། ལ་ནི་བརྒྱ་བྱིན་ལན་ཚྭ་དང༌། ། ལཱ་ནི་སྦྱིན་པ་ཆུ་ལྷའི་ཕྱོགས། ༢༦ ། ལཱི་རཱ་ཤ་ཡེ་ཏ་ཐཱ་ཤླེ་ཁེ། །པྲ་ལ་ཡེ་སཱ་དྷ་ནེ་པི་ལཿ། ། ཝ་ཀཱ་རཿསན྄ཏྭ་ནེ་བཱ་ཏེ། །ཝ་རུ་ཎེ་ཙ་པྲ་ཀཱིརྟི་ཏཿ། ། ལཱི་ནི་བཤམས་པའོ་དེ་བཞིན་དུ། ། གྱེས་པ་ཉམས་པ་གཞོགས་པའང་ལཿ།། ཝ་ཡིག་རབ་དགའ་རླུང་བུ་དང༌། ། སྦྱར་བའི་ཆང་ལ་རབ་ཏུ་བཤད། ༢༧ ། ཤཾ་ཤྲེ་ཡཿཤཿཤི་བེ་སིམྣི། །ཤྭཾ་ཤཱསྟཾ་པ་རི་བྷ་ཥི་ཏཾ། ། ཤ་ཡ་ནཾ་ཤཱི་རི་ཏི་པྲཛྫ། །ཧིཾསཱ་ཡཾ་ཤཱུཤྩ་ཀ་ཐྱ་ཏེ། ། ཤ་ནི་བཀྲ་ཤིས་ཞི་བ་ལ་ཡང་བཤད། ། མཚམས་དང་བསྟན་བཅོས་ཤ་ཞེས་ཡོངས་སུ་བརྗོད། ། ཤཱི་ཞེས་པ་ནི་ཉལ་བར་རབ་ཏུ་ཤེས། ། ཤཱུ་ནི་འཚེ་བར་བྱེད་ལ་གཏམ་དུ་བྱས།༢༨། ཥཿཀཱིརྟི་ཏོ་བུ་དྷཻཿཤྲེཥྛེ། །ཥཤྩ་གམྦྷཱི་ར་ལོ་ཙ་ནེ། ། ཨུ་པ་སརྒེ་ཙ་ཥོ་པྲོཀྟཿ། །ས་པ་རོཀྵ་ཨུ་དཱ་ཧྲི་ཏཿ། ། ཥ་ནི་གཙོ་བོར་མཁས་པས་བསྒྲགས། ། ཟབ་མོའི་མིག་ཅན་ལ་ཡང་ཥ། ། ཉེར་འཚེ་ལ་ཡང་ཥ་རབ་བརྗོད། ། ས་ནི་ངེས་པར་ལྐོག་གྱུར་བཤད། ༢༩ ། ཀོ་ཥེ་དྷ་ནུ་ཥི་ས་པྲོཀྟཿ། །སཱ་གཽ་རཱི་མཱ་ཙ་སཿཤི་བཿ། ། སཿཀོ་པེ་ཙཱ་ར་ཎེ་ཁྱ་ཏ། །སྟ་ཐཱ་ཤ་སྱ་ཙ་སཿསྨྲ་ཏཿ། ། མཛོད་དང་གཞུ་ལའང་ས་ཞེས་བཤད། ། དཀར་མོ་དཔལ་མོ་ཞི་བ་ས།། ཁྲོས་དང་བྲོ་གར་ས་རུ་བཤད། ། དེ་བཞིན་ལོ་ཏོག་ས་རུ་དྲན། ༣༠ ། ཧཤྩ་ཁེ་དེ་ས་མཱ་ཁྱཱ་ཏོ། །ཧཱ་གརྟེ་ཥུ་ནི་ག་དྱ་ཏེ། ། ཧིཿཔཱ་དྱཱ་བ་ར་ཎེ་པྲོཀྟོ། །ཧིཿསྱཱདྡྷི་ཏྭ་བ་དྷ་ར་ཎེ། ། ཧ་ནི་སྡུག་བསྔལ་ལ་རབ་སྨྲ། ། སས་གཡོགས་རྣམས་ལ་ཧ་ཞེས་བརྗོད། ། ཧི་ནི་ཞབས་བཀྲུས་གཡོགས་པ་སྨྲ། ། དེ་ཡི་རྒྱུ་ལའང་ཧི་རུ་ཤེས།༣༡། ཀྵ་ཏྲེ་བཀྵ་སི་ཀྵཿཔྲོཀྟཿ། །ཀྵེ་ཏྲ་པཱ་ལེ་ཙ་ཀཱིརྟི་ཏཿ། ། ཀྵིཿཀྵེ་ཏྲ་རཀྵ་ཎེ་པྲོཀྟོ། །ནྲ་སིངྷེ་ཀྵཿཔྲཀཱིརྟི་ཏཿ། ། ཞིང་དང་ཐོང་ཀ་ཀྵ་ཞེས་སྨྲ། ། ཞིང་སྐྱོང་ལྷ་ལའང་གྲགས་པ་ཡིན། ། ཀྵིཿནི་ཞིང་སྲུང་ཡིན་པར་གྲགས། ། མི་ཡི་སེང་གེ་ཀྵཿརབ་བརྗོད། ༣༢ ། ཨེ་ཏེ་ཀཱ་དྱཾ་ཏཱཿ། །ཨཿཀེ་ཤ་བི་ནི་ཁེ་དྷེ་སྱཱ། ། དཱ་ཀཱ་ར་ཤྩ་པི་ཏཱ་མ་ཧཿ། །ཨི་ཀཱ་རཿཀ་ཐྱ་ཏེ་ཀ་མོ། ། དེ་ཙམ་ནི་ཀ་ལ་སོགས་པའོ། ། ཨ་ནི་ལྷ་གསུམ་དགག་པ་ལ།། མེས་པོ་ལ་ཡང་ཨཱ་ཡིག་བརྗོད། ། ཨི་ཡིག་འདོད་ལྷར་གཏམ་དུ་བྱེད། ༣༣ ། ལཀྵྨཱི་རཱི་ཀཱ་ར་ཨུ་ཙྱ་ཏེ། །ཨུ་ཀཱ་རཿཤཾ་ཀ་རེ་བིཥྞཽ། ། ཨཱུཤྩ་བྲ་ཧྨ་ཎི་རཀྵ་ཎེ། །ར་ཀཱ་རོ་དེ་བ་མཱ་ཏཱ་སྱཱཏྲ། ། དཔལ་མོ་ལ་ནི་ཨཱི་ཞེས་སྨྲས།། ཨུ་ཡིག་བདེ་བྱེད་ཁྱབ་འཇུག་བདག ། ཨཱུ་ཡང་ཚངས་དང་སྲུང་བ་ལ། ། ལྷ་ཡི་མ་ལ་རཱི་ཡིག་གྲག༣༤། རཱ་ཀཱ་རཿསྲརྒ་ཨུ་ཙྱ་ཏེ། །ལཱ་ཀཱ་རོ་དེ་བ་ཡོ་ནཱི་ནཱཾ། ། མཱ་ཏཱ་ལཱ་ད་ནུ་ཛ་པྲ་སཱུཿ། །ཨེ་ཀཱ་ར་ཨུ་ཙྱ་ཏེ་བིཥྞུཿ། ། མཐོ་རིས་རཱ་ཡིག་ཞེས་སུ་སྨྲ། ། ལ་ཡིག་ལྷ་དག་སྐྱེ་གནས་རྣམས། ། སྐྱེད་མའོ་ལཱ་ནི་སྦྱིན་སྐྱེས་ཡུམ། ། འཇུག་སེལ་ལ་ཡང་ཨེ་ཡིག་བརྗོད།༣༥། ཨཻ་ཀཱ་ར་སྱཱཏྨ་ཏེ་ཤྭ་རཿ། །ཨོ་ཀཱ་རསྟུ་བྷཱ་བེདྦྲཧྨཱ། ། ཨཽ་ཀཱ་རོ྅ནནྟ་ཨུཙྱ་ཏེ། །ཨཾ་ཙ་སྱཱཏྤ་རཾ་བྲཱཧྨ་ཎཿ། ། ཨཻ་ཡིག་དབང་ཕྱུག་ཆེན་པོ་སྟེ། ཚངས་པ་ཨོ་ཡི་ཡི་གེར་འགྱུར། ། མཐའ་ཡས་ལ་ནི་ཨཽ་ཡིག་བརྗོད། ། ཨཾ་ཡང་ཕ་རོལ་ཚངས་པ་ལའོ།༣༦ ། ཨ་སྱཱཙྩཱ་པི་མ་ཧཻ་ཤྭ་རཿ། ། ཨི་ཏི་ཤྲཱི་མཧཱ་ཀྵ་པཎ། ། ཀ་བི་ར་ཙི་ཏ་མེ་ཀཱ་ཀཱ། །ར་བྷི་དྷ་ནཾ་ས་མཱ་པྟམ།། མཆོད་འོས་དབང་ཕྱུག་ཨ་ཉིད་དོ། ། ཞེས་པ་དཔལ་ལྡན་སྙན་ངག་མཁན། ། སྨྲ་བ་ཆེན་པོས་མཛད་པ་ཡི། ། ཡི་གེ་གཅིག་པའི་མངོན་བརྗོད་རྫོགས།༣༧ ། ཞེས་དཔལ་སྨྲ་བ་ཆེན་པོ་བས་རབ་ཏུ་བཤད་པ་ཡི་གེ་གཅིག་པའི་མངོན་བརྗོད་རྫོགས་སོ།། །། རྒྱ་གར་གྱི་པཎྜི་ཏ་ཀྲྀཥྞ་པ་དང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བསྒྱུར་བའོ།། །།

༈ ལེགས་པར་བཤད་པའི་གཏམ་སྙན་ནོར་བུའི་ཕྲེང༌། །མཁས་རྣམས་རྣ་བ་མཛེས་བྱེད་ཁོ་ན་ལས། །རྨོངས་པའི་རྒྱན་དུ་འོས་པ་ཡིན་ནོ་ཞེས། །ཚངས་དབང་རྒན་པོའི་གསུང་ལས་ཡང་ཡང་ཐོས།། །།ཞུས་དག། མངྒ་ལཾ།།

#རྒྱལ་ཁམས་པ་ཇོ་ནང་ཏཱ་ར་ནཱ་ཐ་མཆོག་གིས་བསྒྱུར་བའི་ཡི་གེ་གཅིག་པའི་མངོན་བརྗོད་ཀྱི་གཞུང་འདི་ཁོང་གི་གསུང་འབུམ་དུས་འཁོར་(ཡ)ལས་ཁོལ་དུ་ཕྱུང་ཞིང་། མཐའ་མའི་ཤོ་ལོ་ཀའི་ཚིག་རྐང་དང་བོ་མ་གཏོགས་འགྱུར་མེད་པ་ལྷག་མའི་ཚིག་རྐང་གསུམ་གྱི་ཧོར་ཁོང་བསབས་པ་དང་བཅས་ཏེ་ཞུས་དག་པ་ནི་སི་ནཱི་བཱ་ལཱིའམ་ཟླ་བ་གཞོན་ནུའོ། །

#ཏཱརནཱཐ། (༡༥༧༥-༡༦༣༤) རྗེ་བཙུན་ཏཱ་ར་ནཱ་ཐ་ནི་དཔལ་ཇོ་ནང་བའི་ལོ་རྒྱུས་ནང་རྗེ་དོལ་བུ་བའི་རྗེས་ཀྱི་་བླ་མ་གཙོ་ཆེ་ཤོས་དེ་ཡིན། ཁོང་གིས་ཕྱི་ལོ་བརྒྱ་ཕྲག་བཅུ་དྲུག་པའི་སྨད་དང་བཅུ་བདུན་པའི་མགོ་སྟོད་དུ་་བོད་དབུས་གཙང་ཁུལ་དུ་ཇོ་ནང་བའི་བསྟན་པ་སླར་གསོ་མཛད། དེ་བཞིན་གཞན་སྟོང་གི་ལྟ་བ་རྒྱ་ཆེར་སྤེལ། ཁོང་གི་སྐུ་རབས་གོང་མ་ཀུན་དགའ་གྲོལ་མཆོག་ལྟར་དུ་ཁོང་གིས་ཀྱང་་ཆོས་བརྒྱུད་རིས་སུ་མ་མཆིས་པའི་ལུགས་ལ་གསན་བསམ་ཉམས་ལེན་མཛད་ཅིང་རིས་མེད་ཀྱི་ལྟ་སྤྱོད་བསྐྱངས། ཁོང་ནི་བོད་ཀྱི་ལོ་ཙཱ་བ་ཐ་མའི་གྲས་་ཡིན། ཇོ་ནང་དགོན་པའི་མཁན་པོར་ཕེབས་ཤིང་ས་སྐྱ་བའི་ལམ་འབྲས་དང་། ཤངས་པ་བཀའ་བརྒྱུད་པའི་ཟབ་ལམ་མན་ ངག་དང་བཅས་པ་རྒྱ་ཆེར་བཤད་ཀྱང་། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་། དེའི་རྣལ་འབྱོར་སྦྱོར་བ་ཡན་ལག་ རྣམས་བདག་ཅག་གི་སྟོན་པའི་བསྟན་པའི་སྙིང་བོར་བཟུང་སྟེ་ནན་བཤད་མཛད། ཁོང་གིས་མཛད་པའི་གཞུང་དག་ཏུ་རྗེ་དོལ་བོ་བས་འཛིན་པའི་ལྟ་གྲུབ་སོགས་ཉམས་ལེན་གྱི་མཐིལ་དུ་འཛིན།