༢༠༡༤ལོའི་ཟླ་༨པའི་ཚེས་༡༣ཉིན་སྐབས་ཉེར་བདུན་པའི་རྒྱལ་སྤྱིའི་རྩིས་རིག་ཚོགས་ཆེན་སྟེང་དུ་སི་ཌན་ཧྥུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མེར་བཀྲ་ཧ་ཉི་ལགས་ལོ་རྒྱུས་སྟེང་གི་ཐེངས་དང་པོར་ཧྥེར་ཚི་བྱ་དགའ་ཐོབ་མཁན་བུད་མེད་ཐོག་མ་ཆགས།

མེར་བཀྲ་ཧ་ཉི་ནི་ལོ་རྒྱུས་སྟེང་གི་ཐེངས་དང་པོར་ཧྥེར་ཚི་བྱ་དགའ་ཐོབ་མཁན་བུད་མེད་ཐོག་མ་ཆགས་འདུག   དེ་བཞིན་དབྱི་རག་གི་ཨོ་རྩིས་ལོ་རྒྱུས་སྟེང་ནས་ཐོག་མར་སྐར་མ་ཧྲིལ་པོ་ཐོབ་མཁན་འདི་མཐར་ཐུག་རྩིས་ཁམས་རིག་པའི་སྡེ་ནས་ཆེས་མཐོའི་བྱ་དགའ་ཐོབ་མཁན་གྱི་དབྱི་རག་པ་ཐོག་མ་ཡང་རེད།

༢༠༡༤ལོའི་ཟླ༨པའི་ཚེས༡༣ཉིན་སྐབས་ཉེར་བདུན་པའི་རྒྱལ་སྤྱིའི་རྩིས་རིག་ཚོགས་ཆེན་ལྷོ་ཁོ་རེ་ཡའི་རྒྱལ་ས་ཟོར་ཝེ་ནས་འཚོགས་ཤིང་།   རྒྱལ་སྤྱིའི་རྩིས་རིག་ཚོགས་འདུ་འདི་ལོ་བཞི་རེར་ཐེངས་རེ་ཚོགས་ཀྱིན་ཡོད་ཅིང་ཚོགས་ཐོག་ཏུ་མི་རྣམས་ཀྱིས་ཆེས་དོ་སྣང་བྱེད་ཡུལ་ནི་ཧྥེར་ཚི་བྱ་དགའ་གནང་རྒྱུ་དེ་ཡིན།   རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་ནོར་ཝེ་བྱ་དགའི་ཁྲོད་དུ་རྩིས་རིག་བྱ་དགའ་མེད་པ་དང་།    བྱས་ཙང་ཧྥེར་ཚི་བྱ་དགའ་ནི་རྒྱུན་པར་རྩིས་ཁམས་རིག་པའི་སྡེ་ཡི་ནོར་ཝེ་བྱ་དགའ་ཡི་ཚད་དུ་བཞག་ཡོད།

ནོར་ཝེ་བྱ་དགའ་གནང་བ་ནས་བཟུང་ཕལ་ཆེར་ཁྱབ་ཁོངས་རེ་རེ་ན་བུད་མེད་བྱ་དགའ་ལེན་མཁན་ཡོད་ཅིང་།  ཐོག་དང་པོར་ནོར་ཝེ་བྱ་དགའ་ལེན་མཁན་གྱི་བུད་མེད་ནི་༩༠༣ལོར་དངོས་ཁམས་རིག་པའི་བྱ་དགའ་ལེན་མཁན་མ་རེས་ལྗུ་ལེ་ཡིན།  ཁོ་མོར་ད་དུང༡༩༡༡ལོར་རྫས་འགྱུར་རིག་པའི་བྱ་དགའ་ཡང་ཐོབ།  ད་ལྟའི་བར་དུ་བུད་མེད༡༥ལ་ཞི་བདེའི་བྱ་དགའ་ཐོབ་པ་དང་བཅུ་གཉིས་ལ་རྩོམ་རིག་བྱ་དགའ་ཐོབ།  ད་དུང་བཅུ་ལ་སྐྱེ་དངོས་སམ་གསོ་རིག་བྱ་དགའ་དང་བཞི་ལ་རྫས་འགྱུར་རིག་པའི་བྱ་དགའ།  གཉིས་ལ་དངོས་ཁམས་རིག་པའི་བྱ་དགའ།  གཅིག་ལ་དཔལ་འབྱོར་རིག་པའི་བྱ་དགའ་བཅས་ཐོབ།  ཡིན་ཡང་བགྲང་བྱ༨༠ལྷག་གི་ལོ་རྒྱུས་ལྡན་པའི་ཧྥེར་ཚི་བྱ་དགའ་ནི་སྔར་བཞིན་སྐྱེས་པའི་རྩེད་ར་ཞིག་ཏུ་གྱུར་ཡོད།

༢༠༡༤ལོའི་ཟླ༨པའི་ཚེས༡༣ཉིན་སྐབས་༢༧པའི་རྒྱལ་སྤྱིའི་རྩིས་རིག་ཚོགས་ཆེན་གྱིས་ལོ་རྒྱུས་ལ་བསྒྱུར་བཅོས་བྱས་ཤིང་།  ཟི་ཌན་ཧྥུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མ་རེས་ཡ་མུ་མེར་བཀྲ་ཧ་ཉི་ལོ་རྒྱུས་སྟེང་གི་ཧྥེར་ཚི་བྱ་དགའ་ཐོབ་མཁན་བུད་མེད་ཐོག་མ་རུ་གྱུར།  ཁོ་མོ་ནི་ཐེངས་དང་པོར་བྱ་དགའ་འདི་ཐོབ་མཁན་གྱི་དབྱི་རག་རྒྱལ་ཁབ་ཀྱི་རྩིས་རིག་མཁན་ཡང་ཡིན།

དེ་བས་ཀྱང་དོན་སྙིང་ལྡན་པ་ཞིག་ནི་ལྷོ་ཁོ་རེ་ཡའི་ལོ་རྒྱུས་སྟེང་གི་བུད་མེད་སྲིད་འཛིན་པ་ཐོག་མས་མ་རེ་ཡ་མུ་མེར་བཀྲ་ཧ་ཉི་ལ་བྱ་དགའ་གནང་བ་དང་རྒྱལ་སྤྱིའི་རྩིས་རིག་མནའ་འབྲེལ(IMU)གྱི་ཧྥེར་ཚི་བྱ་དགའ་གདམ་གསེས་ཀྱི་ད་ལྟའི་འགན་འཛིན་པ་ཡང་བུད་མེད་ཅིག་སྟེ་ཨ་རིའི་ཌོ་ཁུ་སློབ་ཆེན་གྱི་རྩིས་རིག་དགེ་རྒན་ཨིན་ཀུ་ལེ་ཌོ་བྷེ་ཟི་རེད།  བྷུ་ལེ་ཧྲི་བ་ཌོ་བྷེ་ཟི་ཐོག་མར་དངོས་ཁམས་ཀྱི་སྡེ་ནས་ཐོན་པ་དང་དཔེ་རིས་བཙུར་གནོན་དང་བརྡ་རྟགས་ཐག་གཅོད་ཀྱི་རླབས་ཆུང་བརྗེ་བསྒྱུར་ལ་ཞིབ་འཇུག་བྱས་ནས་མིང་དུ་གྲགས།  ཕུལ་བྱུང་བུད་མེད་གསུམ་ཧྥེར་ཚི་བྱ་དགའ་གནང་བའི་མཛད་སྒོའི་ལྟེ་གནས་སུ་འགྲེང་ཡོད་པ་ནི་རྗེས་དྲན་བྱེད་རིན་ཡོད་པའི་ལོ་རྒྱུས་ཀྱི་པར་ངོས་ཤིག་ཅི་ལ་མ་ཡིན།

བྱ་དགའ་གནང་དུས་སུ་ཕོ་ཅུན་ཧེ་ཡིས།  ངས་བྱ་དགའ་ཐོབ་མཁན་ཚང་མར་རྟེན་འབྲེལ་ཞུས་པ་ཡིན།  ལྷག་པར་དུ་མེར་བཀྲ་ཧ་ཉི་ལ་རྟེན་འབྲེལ་ཞུས་པ་ཡིན།  ཁོ་མོའི་སྤྲོ་སེམས་དང་ཧུར་བརྩོན་གྱིས་ཁོ་མོ་ཐོག་དང་པོར་བྱ་དགའ་འདི་ཐོབ་མཁན་བུད་མེད་ཐོག་མ་རུ་གྱུར་དུ་བཅུག་ཅེས་ཟེར།

རྒྱལ་སྤྱིའི་རྩིས་རིག་ཚོགས་ཆེན་གྱིས་བྱ་དགའ་གནང་དུས་གསལ་འདེབས་བྱས་ནས་བཤད་རྒྱུར་མེར་བཀྲ་ཧ་ཉི་ལགས་ནི་རྩིས་རིག་ཐབས་ལམ་དང་རྩིས་རིག་གཞུང་ལུགས་ཀྱི་ཕྱོགས་ནས་ཚད་གཞི་ཧ་ཅང་མཐོ།  དུས་མཚུངས་སུ་གཞན་ལས་ལྷག་པའི་རྩལ་ནུས་དང་བློ་རྒྱ་ཆེན་མོ།  མིག་རྒྱང་རིང་བོ་དང་མཚར་སྣང་གི་བསམ་པས་ཕྱུག་ཡོད།

མེར་བཀྲ་ཧ་ཉི༡༩༧༧ལོར་དབྱི་རག་གི་རྒྱལ་ས་རྡིར་ཧེ་ལན་ནས་སྐྱེས་པ་དང་༢༠༠༨ལོར་བཅར་འདྲི་བྱེད་དུས་མོས་བཤད་རྒྱུར་བྱིས་དུས་སུ་དཔེ་ཀློག་ལ་ཧ་ཅང་མོས་ཤིང་རྩོམ་པ་པོ་ཞིག་བྱེད་རྒྱུའི་ཕུགས་བསམ་ལྡན།  རྗེས་ཕྱོགས་རྩིས་རིག་ལ་ཞིབ་འཇུག་བྱེད་རྒྱུ་སེམས་སུ་ཡེ་ནས་དྲན་མ་མྱོང་།  མཐོ་འབྲིང་གི་སྐབས་སུ་མོའི་ཕུ་བོས་མོ་ལ་འཇར་མན་རྩིས་རིག་པ་ཀོ་ཟིས་བྱིས་དུས་སྐབས་ཀྱི་དོན་མཚར་བོ་རྣམས་བཤད་པ་དང་།  དཔེར་ན་ཀོ་ཟི་ལོ་བཅུའི་སྟེང་ལས་སླ་མོ་བྱས་ནས༡ནས༡༠༠བར་གྱི་སྤྱི་བསྡོམས་རྩི་ཐུབ་པ་དེས་ཁོ་མོ་རྩིས་རིག་ལ་སྤྲོ་བ་སྐྱེས་སུ་བཅུག

༡༩༩༤ནས་༡༩༩༥ལོའི་བར་དུ་སྔ་གཞུག་ཏུ་སློབ་འབྲིང་ཨོ་རྩིས་གསེར་གྱི་རྟགས་མ་ཐེངས་གཉིས་ལ་ཐོབ་པས་སློབ་འབྲིང་སྐབས་ནས་བཟུང་དབྱི་རག་ན་མིང་གྲགས་ཆེན་པོ་ལྡན།  དབྱི་རག་གི་ཨོ་རྩིས་ལོ་རྒྱུས་སྟེང་ནས་ཐོག་དང་པོར་སྐར་མ་ཧྲིལ་པོ་ཐོབ་མཁན་འདི་མཐར་ཐུག་རྒྱལ་ཁབ་འདིའི་ཧྥེར་ཚི་བྱ་དགའ་ཐོབ་མཁན་ཐོག་མ་རུ་གྱུར་པ་དང་།  འདྲ་མཚུངས་ཀྱི་དོན་དག་ཅིག་སྐབས་སྔོན་མའི་ཧྥེར་ཚི་བྱ་དགའ་ཐོབ་མཁན་ཝོ་བྷོ་ཀྲོ་ཡི་སྟེང་ནས་ཀྱང་བྱུང་།  བལྟས་ན་བུད་མེད་ཅིག་དང་འདྲ་བའི་སྐྱེས་པ་འདི་ནི་༡༩༨༨ལོ་དང་༡༩༨༩ལོ་སྐབས་གཉིས་ཀྱི་ཨོ་རྩིས་གསེར་གྱི་རྟགས་མའི་འགྲན་ཞུགས་པ་ཡིན།  འཇར་མན་ནས་འབུམ་རམས་པའི་བསླབ་གནས་བླངས་རྗེས།  ༢༠༡༠ལོར་ཡོ་ནན་རྒྱལ་ཁབ་ཀྱི་ཚབ་བྱས་ནས་ཧྥེར་ཚི་བྱ་དགའ་ཐོག་མ་བླངས།  ཝོ་བྷོ་ཀྲོ་ཡིས་ལོ་བྷོ་ལང་ལན་ཚི་རང་སྲུང་རྣམ་པའི་རྨང་གཞི་ལ་བདེན་དཔང་བྱས་ནས་མིང་དུ་གྲགས་ཤིང་།  འདི《དུས་རབས》ཀྱིས༢༠༠༩ལོའི་ཚན་རིག་འཕེལ་རྒྱས་བཅུའི་གྲས་སུ་བདམས་པ་རེད།

མེར་བཀྲ་ཧ་ཉི་སློབ་འབྲིང་མཐར་ཕྱིན་རྗེས་རྡི་ཧེ་ལན་ན་ཡོད་པའི་ཞེ་ལེས་ཧྥུ་རྩིས་ཚན་སློབ་ཆེན(Sharif University of Technology)ལ་ཞུགས།  ༡༩༦༦ལོར་བཙུགས་པའི་སློབ་ཆེན་འདི་ནི་ཕལ་ཆེར་ཆེས་བཟང་བའི་རྩིས་ཚན་སློབ་ཆེན་ཞིག་ཡིན་ལ།  མེར་བཀྲ་ཧ་ཉིས་ཕྱིར་དྲན་བྱས་ནས་བཤད་རྒྱུར་རང་འགྲིམས་པའི་མཐོ་འབྲིང་ནི་ཕུལ་བྱུང་དགེ་རྒན་མང་པོ་ཡོད་པས་སློབ་གྲྭ་དཔེ་ཡག་པོ་ཞིག་ཡིན།  རྩིས་རིག་འགྲན་བསྡུར་ལ་ཞུགས་པ་བརྒྱུད་ནས་ཁོ་མོས་དེ་ལས་དཀའ་བའི་གནད་དོན་ལ་ཞིབ་འཇུག་བྱེད་པར་སྤྲོ་བ་སྐྱེས།  “ང་རང་འགྲན་རྩོད་བྱེད་པར་ཧ་ཅང་དགའ་དེས་རྗེས་སུ་ཞེ་ལེས་ཧྥུ་རྩིས་ཚན་སློབ་ཆེན་ནང་དུ་བློ་སྒོ་འབྱེད་ཅིང་སྐུལ་འདེད་བྱེད་པའི་རྩིས་རིག་ལ་དགའ་བའི་གྲོགས་པོ་མང་བོར་འཕྲད།  ངས་རྩིས་རིག་གི་སྟེང་དུ་སྤྱད་པའི་དུས་ཚོད་སྔར་ལས་མང་བ་དང་སྔར་ལས་རྩིས་རིག་ལ་སྤྲོ་བ་སྐྱེས”ཟེར།

མེར་བཀྲ་ཧ་ཉིས”ཁེད་ལ་ཚོད་དཔག་བྱེད་པའམ་གྱོད་དོན་ཁུངས་སྣེ་ཞིག་རྙེད་པ་ལྟར་རྩིས་རིག་ལ་ཧ་ཅང་སྤྲོ་བ་འདུགདེང་ཐོག་ངས་འདི་ནི་རང་གིས་བསྒྲུབ་ཐུབ་པར་འདོད་པ་དང་རྗེས་སུ་ལམ་བུ་འདིའི་སྟེང་དུ་བསྐྱོད”

༡༩༩༩ལོར་སློབ་ཆེན་མཐར་ཕྱིན་རྗེས།  མེར་བཀྲ་ཧ་ཉི་ཧ་ཧྥུ་སློབ་ཆེན་དུ་སོང་ནས་འབུམ་རམས་པའི་བསླབ་གནས་སྦྱང་བ་དང་མོའི་དགེ་རྒན་ནི་༡༩༩༨ལོར་ཧྥེར་ཚི་བྱ་དགའ་ཐོབ་མཁན་མེ་ཁུ་མ་རོན་ཡིན་པ་མ་ཟད་༢༠༠༤ལོར་འབུམ་རམ་པའི་བསླབ་གནས་ཐོབ།  མེ་ཁུ་མ་རོན་གྱིས་བལྟས་ན་རྩིས་རིག་པའི་སྡེ་ནས་མོ་ལ་ཕེན་ལེ་གཞུང་ལུགས་དང་ཐེ་ཞི་མེ་ལུ་གཞུང་ལུགས་ཀྱི་དབང་ཤུགས་ལྡན་པར་ལབ།

འབུམ་རམ་པ་མཐར་ཕྱིན་རྗེས་མེར་བཀྲ་ཧ་ཉིས་ལོ་ངོ་བཞི་ལ་ཁུ་ལེས་རྩིས་རིག་ཞིབ་འཇུག་ཁང་དང་ཕོ་ལིན་ཟི་ཏོན་སློབ་ཆེན་གྱི་ལག་རོགས་དགེ་རྒན་བྱས།  ༢༠༠༨ལོར་འབུམ་རམ་པ་མཐར་ཕྱིན་པའི་ལོ་ངོ་བཞིའི་རྗེས་སུ་ཟི་ཌན་ཧྥུ་སློབ་ཆེན་གྱི་དགེ་རྒན་ལ་གྱུར།

མེར་བཀྲ་ཧ་ཉིའི་བྱ་བ་ཧྥེར་ཚི་བྱ་དགའ་ཐོབ་མཁན་རྒན་པ་རྣམས་དང་འབྲེལ་བ་འདུག ཁོ་མོའི་རྩིས་རིག་གི་བྱས་རྗེས་ནི་ལི་མན་འཁྱོག་ངོས་ཀྱི་གཟུགས་ཡུལ་གྱི་གཞུང་ལུགས་སྟེང་ན་ཡོད་པ་དང་གཞུང་ལུགས་འདིས་ཧྥེར་ཚི་བྱ་དགའ་ཐོབ་མཁན་གཉིས་ཏེ་ཝེ་ཐུན་དང་ཁོང་ཐྲེ་ཝུ་ཁྲིའི་གཟུགས་ཡུལ་སྤྱི་འགྲོས་སྟབས་བདེར་བདེན་དཔང་བྱས།  ཁོ་མོའི་ཉེ་ལམ་གྱི་བྱ་བའི་སྤྲོ་བ་གཟུགས་ཡུལ་གྱི་ཞི་མེ་ལུ་སྒུལ་ཤུགས་མ་ལག་གི་གཞུང་ལུགས་སྟེང་ན་འདུག་པ་དང་།  འདིས་མཚོན་དོན་རང་བཞིན་གྱི་བྱ་བའི་བདེན་དཔང་ནི་དུས་ཡུན་རིང་བོར་ཐག་གཅོད་ཐུབ་མེད་པའི་འོད་ཚོད་དེ།  ཐེ་ཞི་མེ་ལུའི་བར་སྟོང་སྟེང་གི་ཟི་སི་ཏོན་ས་འགུལ་ནི་ཡོངས་བསྐྱོད་ཅིག་ཡིན་པ་དང་།  ལོ་ངོ་གཉིས་སྔོན་དུ་སྐུ་འདས་པའི་ཟི་སི་ཏོན་ཡང་ནི་ཧྥེར་ཚི་བྱ་དགའ་ཐོབ་མཁན་ཞིག་རེད།

མེར་བཀྲ་ཧ་ཉི་ལ་ཧྥེར་ཚི་བྱ་དགའ་ཐོབ་རྗེས་བཤད་རྒྱུར།  “རྩིས་རིག་སྡེ་ཁག་ནས་སྐྱེས་པ་ཚོ་སྔར་ལས་གཙོ་བོར་གྱུར་བ་མ་ཟད་སྐབས་རེར་ན་གཞོན་བུད་མེད་ཚོར་འཇིགས་སྔངས་ཀྱང་བྱུང་བཞིན་ཡོད།  ཡིན་ན་ཡང་ང་ནི་རང་ཉིད་བུད་མེད་ཅིག་ཡིན་པའི་རྐྱེན་གྱིས་དཀའ་ཁག་འདྲར་འཕྲད་མ་སོང་།  འབྱུང་འགྱུར་གྱི་ལོ་ངོ་འགའི་ནང་དུ་ན་གཞོན་བུད་མེད་ཚན་རིག་པ་མང་བོར་བྱ་དགའ་ཐོབ་པར་ང་རང་ཡིད་ཆེས་འདུག”སྐྱེས་པ་ལ་མཚོན་ནས་བཤད་ན་ཡུན་རིང་བོར་བློ་རྩེ་གཅིག་སྒྲིམ་གྱིས་བྱ་བ་སྒྲུབ་པ་མ་ཟད་དེའི་ཆེད་དུ་འབད་བརྩོན་བྱེད་པའང་ལྟོས་བཅོས་ཀྱིས་བཤད་ན་ཅུང་སླ་མོ་ཡོད།  གཞན་སྤྱི་ཚོགས་ཀྱིས་བུད་མེད་ལ་བཟུང་བའི་རེ་བ་སྐབས་རེར་ཞིབ་འཇུག་གི་དགོས་མཁོ་དང་འདྲ་བོ་མི་འདུག་མོད།  བུད་མེད་ལ་མཚོན་ནས་བཤད་ན་ཧུར་བརྩོན་དང་རང་རྟོན་རྒྱུན་འཁྱོངས་བྱེད་པ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད།

དོན་དངོས་ཐོག་འཇར་མན་གྱི་རྩིས་རིག་མཁན་གྲགས་ཅན་ཞིག་གིས་༢༠༡༣ལོར་སྨྱུག་ཐོག་པ་ལ་ད་ལོར་ཧྥེར་ཚི་བྱ་དགའ་བུད་མེད་ཐོག་མ་བྱུང་ཡང་སྲིད་ཅེས་བཤད།  ད་ལོར་ཧྥེར་ཚི་བྱ་དགའ་ཐོབ་སྲིད་པའི་འོས་མིང་ནི་ད་ལྟ་ལོ་༣༩ཡིན་པའི་འཇར་མན་ཚན་རིག་གླིང་གི་ལོ་ན་ཆེས་གཞོན་པའི་གླིང་མི་སྟེ།  འཇར་མན་མཐོ་རིམ་དགེ་ཐོན་སློབ་གླིང་གི་དགེ་རྒནLaure Saint-Raymondཡིན།  བྷོར་ཚི་མན་རྩིས་གཞི་ཁྱབ་ཁོངས་ཀྱི་ཕུལ་བྱུང་བྱས་རྗེས་ཀྱི་རྐྱེན་གྱིས་ཁོ་མོར་ཨ་རི་རྩིས་རིག་ཚོགས་པ་དང་ཡོ་རོབ་རྩིས་རིག་ཚོགས་པའི་བྱ་དགའ་ཆེན་མོ་ཐོབ་པ་མ་ཟད་ན་ནིང་ལོར་འཇར་མན་ཚན་རིག་གླིང་གི་གླིང་མི་རུ་གྱུར།  ཡིན་ནའང་ཡིད་ཕངས་བ་ཞིག་ལ་ལོ་ན་གཞོན་པའི་བུད་མེད་གླིང་མི་འདི་བྱིས་དྲུག་གི་ཨ་མ་རེད།

རྩོམ་བྲིས་ནས་མཚམས་འདིར་སླེབས་དུས་ང་ལ་ཡིད་ཕངས་ས་གཉིས་ཡོད་པ་སྟེ།

གཅིག་ནི་ཨོ་རྩིས་གསེར་གྱི་རྟགས་མའི་སྟོབས་ལྡན་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་རྩིས་རིག་གི་ཆེས་མཐོའི་བྱ་དགའི་སྟེང་ནས་ང་ཚོ་རྒྱལ་ཁབ་ཆུང་ཆུང་སྟེ་བྷ་ཞི་དང་ཡོ་ནན།  དབྱི་རག་དང་ཨོ་སི་ཁྲི་ལི་ཡ་སོགས་ལ་མི་དོ་བ་མ་གཏོགས་གསེར་གྱི་རྟགས་མའི་གྲངས་ཀའི་ཕྱོགས་ནས་དེ་ཚོ་ཀྲུང་གོ་ལས་ཧ་ཅང་ཉུང་།  ཡིན་ཡང་ཁོ་ཚོའི་གསེར་གྱི་རྟགས་མ་དེ་མཐར་ཐུག་གསེར་གྱི་བྱ་དགའ་ལ་འགྱུར་བའི་རྒྱལ་ཁའི་ལས་ཆོད་ཧ་ཅང་མཐོན་པོ་ཡོད།  ཁོ་ཚོ་ཉེ་བའི་ལོ་ངོ་བཅུའི་ནང་དུ་ཧྥེར་ཚི་བྱ་དགའ་ཐོབ་མཁན་གྱི་རྩེད་ར་རུ་ཡང་གྱུར།  ད་སྔའི་བར་དུ་རྩེད་ར་འདིའི་ནང་དུ་རྒྱལ་ཁབ་ཉི་ཤུ་ལྷག་ཡོད་ནའང་ང་ཚོའི་ཧྥེར་ཚི་བྱ་དགའ་ནི་སྔར་བཞིན་རྨི་ལམ་ཞིག་ཡིན།  དོན་འདི་ལ་ཚང་མས་བསམ་གཞིགས་ཞིབ་མོ་གཏོང་འོས།

གཉིས།  འདུ་ཤེས་དང་སྤྲོ་བ་ནི་ཕལ་ཆེར་ཆེས་གལ་ཆེ་བའི་རྒྱུ་རྐྱེན་ཞིག་ཡིན་ཏེ།  མེར་བཀྲ་ཧ་ཉིས་བཤད་ན”ཁེད་ལ་ཚོད་དཔག་བྱེད་པ་དང་གྱོད་དོན་ཁུངས་སྣེ་ཞིག་རྙེད་པ་ཇི་བཞིན་ང་རང་རྩིས་རིག་ལ་ཧ་ཅང་སྤྲོ་བ་འདུགསྤྲོ་བ་འདིས་ང་རང་རྩིས་རིག་ཞིབ་འཇུག་གི་ལམ་ལ་བསྐྱོད་དུ་བཅུག”ཅེས་ཟེར་ལ་འདིས་ནི་ཏག་ཏག་གནད་དོན་གྱི་ངོ་བོ་ཟིན་འདུག

མཐར་ངས་སྐད་ཆ་གཅིག་གིས་སྤྱི་སྡོམ་རྒྱག་པར་འདོད་དེ།  གསེར་གྱི་རྟགས་མའི་གྲངས་ཀའམ་ཚད་གཞི་གང་རུང་ཞིག་མིག་ལ་འཚེར་བའི་བྱེད་ཐབས་ཀྱིས་རྩིས་རིག་གི་ཡང་རྩེ་ལ་བགྲོད་ཐུབ་པའི་ངེས་པ་མེད་པར།  དེ་བས་ཀྱང་གལ་ཆེ་བ་ནི་ན་གཞོན་རྣམས་ལ་རྩིས་རིག་ལ་སྤྲོ་བའམ་དགའ་སྤྲོ་བྱུང་བར་བློ་འབྱེད་དང་སྣེ་ཁྲིད་བྱེད་པ་དེ་ཡིན།