སློབ་མ་དང་རྟ།

                                                                                          གཙང་ཨ་ཚེས་བསྒྱུར།

            དགེ་རྒན་ཁོང་ཧ་ཅང་སྟབས་བདེའི་འཚོ་བར་དགའ་ལ་ཁོང་དང་ཁོའི་སློབ་ཕྲུག་གཉིས་ཀྱིས་གཟི་དཔལ་འབར་པའི་འཚོ་བ་ཞིག་རོལ་པར་སེམས་ཐག་བཅད་དེ་མཚན་མོར་འཇག་རྩྭའི་ཉལ་ཁྲིར་ཉལ།
དུས་ཡུན་རིང་བོར་མ་སོང་བའི་སྐབས་དེར་དགེ་རྒན་གྱིས་རང་གི་སློབ་ཕྲུག་གི་སྤྱོད་པར་འགྱུར་བ་འགྲོ་བཞིན་འདུག་པ་ཤེས་ཏེ་དེའི་རྒྱུ་རྐྱེན་འཚོལ་པར་བརྩམས།
“ང་རང་བློ་འབྱེད་ཀྱི་སྐེས་ལ་འགོ་བཞིན་པའི་སྒང་ཡིན།” སློབ་ཕྲུག་གིས་ལན་དུ། ངས་ལྭ་དཀར་གྱོན་པས་སྟབས་བདེ་ཞིག་འཚོལ་སྙེག་བྱེད་པ་མངོན་ནོ། དཀར་ཟས་ཀྱིས་ངའི་ལུས་ཕུང་ཡང་པོ་བཟོས་སོང་། ང་བསམ་བློའི་རིམ་པའི་སྐོར་ལ་འདང་རྒྱག་པར་མི་མཚམས་ཟེར།
དགེ་རྒན་དགོད་ཞོར་དུ་སློབ་མ་ཁྲིད་དེ་རྩྭ་ཐང་ཞིག་ཏུ་སོང་ན། དེ་རུ་རྟ་ཞིག་གིས་རྩྭ་ཟ་བཞིན་འདུག
ཁྱེད་ཀྱིས་སྲོག་ཆགས་གན་མཐོང་ངམ། གན་གྱི་སྤུ་མདོག་དཀར་བོ་རེད།ཁོའི་རྩྭ་སྔོན་ཁོ་ན་བཟའ། ཁོ་རྩྭ་ལྡུམ་གྱི་ལོ་མའི་གསེབ་ཏུ་ཉལ་པ་རེད། ཁྱེད་ཀྱིས་ཁོ་སྐྱེས་བུ་དམ་པ་ཞིག་དང་འདྲ་བར་འདོད་དམ། ཡང་ན། ནམ་ཞིག་ཁོ་དགེ་རྒན་དམ་པ་ཞིག་ཏུ་འགྱུར་སྲིད་དམ།

ཀློག་པ་པོའི་ཉིས་སྟོང་ལྔ་ལོའི་སྤེལ་ཐེངས་བཞི་ལས་བསྒྱུར།