རླུང་བུ་ལྡང་བ་ནས་བཟུང
སེམས་དང་སེམས་ཀྱི་དབར་ན
མུན་པ་འཛུལ་སའི་སྲུབས་ཤིག་ཕྱེ་འདུག

ཞེ་འདང་གི་འོ་མ་དཀར་པོ
བྲང་ག་ན   འཁྱགས་པ་ཆུ་རུ་གྱུར་བས
གཉིད་མི་ཡོང་བའི་མཚན་མོ་ལ
ང    ཤིན་ཏུ་གྲང

བརྩེ་བ   དུས་ཚོད་ཁྲོད་ཞུ་ཡི་འདུག་སྙམ་ཚེ
ཁྱོད   སེར་ཀ་དེ་ལས་གང་ཞིག་ལ་བཞུར་འགྲོ་བ་མཐོང

རླུང་ནག    རླུང་ནག་དེ་ཤུགས་ཀྱིས་མཆེད
ངའི་མགོ་ཐོག་ལ་སྤྲུན་པ་ནག་པོ་འཁོར་ཡང
རང་གི་ལག་པས
སྙིང་རྗེ་བའི་མེ་ཏོག་དེ་གཅད་རྩིས་མེད

ཁྱོད་ཀྱི་བར་སྣང་ནས
ང་ཡི་དགོད་སྒྲ་དང་འཛུམ་མདངས་ས་རུ་བྲུལ་ཡང
གྲིབ་མ་ཞིག   ཁྱོད་ཀྱི་གམ་ན་ལྷག་བྱུང

༢༠༡༤/༧/༣མཚན་མོར་མལ་ནས་བྲིས།