ཀུན་གསལ་ནམ་མཁའི་དབྱིངས་ན།།
མུན་སེལ་ཉི་ཟླ་སྐར་གསུམ།།
བརྩེ་བའི་འོད་ཟེར་སྤྲོ་བཞིན།།
མཁའ་ཡི་རྒྱན་དུ་འཛོམས་སོང་།།
འདི་གསུམ་ཡང་ཡང་འཛོམས་པར།།
བུ་ངས་སྨོན་ལམ་བརྒྱབ་ཡོད།།

རབ་དཀར་གངས་རིའི་ཀློང་ན།།
ཆུ་ཀླུང་རྨ་འབྲི་རྫ་གསུམ།།
རླབས་ཕྲེང་མཁའ་ལ་ངོམ་བཞིན།།
རྒྱ་མཚོའི་ཀློང་དུ་འཛོམས་སོང་།།
འདི་གསུམ་ཡང་ཡང་འཛོམས་པར།།
སྨན་ངས་སྨོན་ལམ་བརྒྱབ་ཡོད།།

བསིལ་ལྡན་ཁ་བའི་ལྗོངས་ན།།
གདོང་དམར་ཆོལ་གསུམ་མི་རིགས།།
ཤ་རུས་བརྩེ་དུང་ངོམ་བཞིན།།
གངས་ཅན་ལྗོངས་སུ་འཛོམས་སོང་།།
འདི་གསུམ་ཡང་ཡང་འཛོམས་པར།།
བུ(སྨན)ངས་སྨོན་ལམ་བརྒྱབ་ཡོད།།