སྤྲིན་པའི་བང་རིམ་རྟོལ་བའི།།
ཉི་འོད་འཇམ་པོ་ཀན་དང་།།
རི་བོའི་རྐེད་པར་འཁྲིལ་བའི།།
ན་བུན་གཞོན་ནུ་ཀན་དང་།།
འཇག་མའི་རྩེ་མོར་འཐམ་པའི།།
ཟིལ་བ་ཡང་མོ་ཀན་དང་།།
མཚོ་མོའི་རླབས་ཕྲེང་འདེད་པའི།།
ངང་བ་གསེར་ལོ་ཀན་དང་།།
གནམ་སའི་བར་ན་རྒྱུ་བའི།།
རླུང་བུ་བསིལ་མོ་ཀན་དང་།།
རྩི་ཐོག་ཁ་རུ་ལེན་པའི།།
གཡང་དཀར་ལུག་ཁྱུ་མ་གཏོགས།།
རྐང་རྗེས་རྫ་ཁར་ཕབ་ཅིང་།།
ལ་གཞས་སིང་སིང་ལེན་པའི།།
ལུག་རྫི་བུ་མོ་ཆུང་ཆུང་།།
སྐྱོ་རོགས་གཞན་པ་མི་འདུག།