གོམ་སྒྲ་མེད་པའི་ངང་ནས་སྨྲ་ལྕེ་དང་བྲལ་སོང་།
དམ་བཅའ་སྨྲ་ལྕེ་དང་བྲལ་སོང་།
ང་རྩ་བ་ནས་འཁྲུལ་མེད།
ཕྱིའི་མཛེས་སྡུག་གི་མནར་གཅོད་ནི་མྱི་ཁ་ལས་བཙན།
ང་ལ་སུན་སྣང་དང་རྣམ་དོག་རྩ་བ་ནས་མེད།
 
གལ་ཏེ།  མཚན་མོ་ནི་ངའི་རེ་སྒུག་གི་ལས་དབང་བཅོལ་ས་ཡིན་ན།
མཚན་མོར་སྒུག་པ་ནི།   མེ་ལྕེའི་ཁ་དོག་ཧ་ཅང་གསལ་བའི་དུས་རེད།
དྲན་སྣང་ནི་ཐལ་རྡུལ་དུ་གྱུར་ཟིན།   ད་ནི་འཁྲབ་སྟོན་གྱི་མཇུག་སྒྲིལ་མཚམས་རེད།
 
ངས་ང་ལ་སུན་སྣང་དང་རྣམ་དོག་རྩ་བ་ནས་མེད་ཅེས་བརྗོད་མོད།
ང་ནི་བོར་ཟིན་པ་དང་བྲལ་ཟིན་པའི་ཚོར་བ་དེ་ལ་ཧ་ཅང་བསྐྲགས།
 
གལ་ཏེ།  མཚན་མོ་ནི་ངའི་རེ་སྒུག་གི་ལས་དབང་བཅོལ་ས་ཡིན་ན།
མེ་ཏོག་གི་འདབ་ལོ་ལྷུང་ཟིན་ལ་པདྨ་ཡི་འདབ་བརྒྱ་བཞད་ཀྱང་ཆོག
 
ང་ནི་སྔོ་ལྗང་གི་འདབ་ལོ་དང་འགྲོགས་ནས།
མནར་གཅོད་ཡོད་ཚད་འཚོ་བའི་ཁ་དོག་ཏུ་བསྒྱུར་ངེས།
 
དེ་རིང་སང་ཉིན་ལ་དམོད་མོ་བྱས་ན།
སྐྱ་རངས་ལ་ཟུར་ཟ་ཡི་མིག་ཟུང་བགྲད་ངེས།
སང་ཉིན་སང་ཉིན་ལ་རྟོག་འཁྲུལ་བྱས་ན།
སྐྱ་རངས་ལ་ཟུར་ཟ་ཡི་མིག་ཟུང་བགྲད་ངེས།
 
རྟོག་གེ་བའི་རྣམ་རིག་གིས་མ་མཐོང་བའི་ཡུལ་ལྗོངས་དེ་ན།
སྐྱ་རེངས་ནི་སྔར་བཞིན་སྐྱ་རངས་ཏེ།   རེ་སྒུག་གི་རུམ་བྲོ་མང་པོ་མཛོང་ཁང་ཞིག