དཔྱད་གླེང་ལོ་དེབ་༼མུ་ཁྲི་བཙན་པོ༽

དཔྱད་གླེང་ལོ་དེབ་༼མུ་ཁྲི་བཙན་པོ༽

དེ་ཡང་དུས་དང་རྣམ་པར་ཀུན་ཏུ་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་༼མུ་ཁྲི་བཙན་པོ་༽ལ་རྩོམ་ཡིག་གིས་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཕྱི་ནང་དུ་བཞུགས་པའི་རྩོམ་པ་པོ་རྣམས་ལ་སླར་ཡང་རེ་ཞུ་ལ།

ངེད་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་༼མུ་ཁྲི་བཙན་པོ༽འགྲེམ་སྤེལ་གནང་ནས་ད་བར་དུ་ལོ་ངོ་བརྒྱད་ལྷག་ཕྱིན་ཡོད་པ་དང་དེའི་རིང་ལ་ལོ་རེར་དེབ་རེ་འགྲེམ་སྤེལ་བགྱིས་ཏེ་སྤྱིའི་འདོན་ཐེངས་བརྒྱད་ཙམ་འགྲེམ་སྤེལ་ཡོད་ལ། ད་ལོ་སྟེ་༢༠༡༥ལོའི་དེབ། སྤྱིའི་དེབ་དགུ་བ་ཡང་པར་སྐྲུན་གྱི་འགོ་ཟིན་བཞིན་ཡོད་པས་ཕྱོགས་ཀྱི་རྒྱ་ཆེ་བའི་རྩོམ་པ་པོ་རྣམས་ཀྱིས་གཙོ་བོ་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་རྩོམ་སྣ་ཚོགས་ཤིག་ངེད་རྩོམ་སྒྲིག་ཁང་ལ་གནང་རོགས་ཞུ་བ་ལགས།

རྩོམ་ཡིག་གི་ནང་དོན་ཐད་ལ། གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་རྩོམ། ཤེས་རིག རྒྱལ་རབས་ལོ་རྒྱུས། སྐྱེས་ཆེན་ངོ་སྤྲོད། ལེགས་བཤད། གཏོ་དཔྱད། བོན་དང་འབྲེལ་བའི་དྲི་བ་དྲིས་ལན། གནའ་བོའི་ཡིག་རིགས། རྒྱལ་སྤྱིའི་བོན་འབྲེལ་གནས་ཚུལ་སོགས་སྤྱི་ལོ་༢༠༡༦ལོའི་ཟླ་བ་༡ཚེས་༡སྔོན་ལ་བསྐུར་གནང་ཡོད་པར་ཞུ་ཞུ།

དཔྱད་རྩོམ་བསྐུར་སའི་གློག་རྡུལ་ཡིག་སྒམ། rinpung2018@yahoo.com
897252858@qq.com