དོ་ནུབ་ཁང་མིག་གྲུ་བཞིའི་ཟུར་ངོས་ནས།།
ཤིང་གི་སྒེའུ་ཁུང་ནང་ནས་མཁའ་ལ་ཅེར།།
ས་སྲོས་འགྲོན་པོས་གོམ་སྒྲ་གྲགས་མ་ཐག།
ཁྲ་ཆུང་གི་མིག་ཟུང་ཟླ་བའི་ལྷ་མོར་གཏད།།

དྭངས་གསལ་ནམ་མཁའི་ཟླ་བ་ལྷ་མོ་ལ།།
བརྩེ་བའི་འཕྲིན་པ་སྤྲིན་པ་དམར་པོར་སྤིངས།།
མིག་ཟུང་མཁའ་ལ་འཁྲེང་བའི་མི་རྐྱང་གིས།།
དྲན་པའི་མགུར་གླུ་སྙིང་ནས་ཤར་མར་བླངས།།

མཚན་མོར་བསྒྱུས་བའི་རྣམ་ཤེས་དམར་པོ་ཡིས།།
དཀར་གསལ་ཟླ་བ་ལྷ་མོའི་བགྲོད་ལམ་འཚོས།།
གཅིག་པུ་བཞུད་སའི་རྐང་ལམ་ཕྲ་མོ་ནས།།
སྙིང་སྡུག་ཟླ་བ་ལྷ་མོའི་འོད་ངོགས་མྱུལ།།

༢༠༡༣.༤.༡༣མཚན་མོར།