དཔྱིད་གསུམ་གྱི་ཆར་བའི་ཁྲོད་ན།
ལྗང་ལོ་དང་ནགས་ཚལ་ཁྲོད་ན།
ངའི་ཡིད་ཀྱི་ཁུ་བྱུག་སྔོན་མོས།
གསུང་སྙན་དང་འཇོར་སྒེག་ངོམ་བཞིན།
ཉི་ཟླའི་གླུ་ཚིག་འཐུ་ཞོར།
སྤངས་རི་དང་ནགས་རི་བརྒྱུད་ནས།
ག་ལེར་ཕེབས་ཤིང་ཐོལ་གྱིས་བཞུད་སོང་།
ཨ་་་་་ཁུ་བྱུག་སྔོན་མོ།
བྱ་ཁྱུ་ཞིག་གི་གནས་བབ་བསམས་ན།
རང་སེམས་འཁྲེང་དོན་མེད་པར།
ཕ་ཡུལ་གྱི་དུངས་པ་བསམས་ན།
མྱུར་དུ་ཕྱིར་ལ་ཕེབས་རོགས།

དཔྱིད་གསུམ་གྱི་ཆར་བའི་ཁྲོད་ན།
ལྗང་ལོ་དང་ནགས་ཚལ་ཁྲོད་ན།
ངའི་ཡིད་ཀྱི་ཁུ་བྱུག་སྔོན་མོས།
རེ་སྒུག་དང་སྨོན་འདུན་བསྣམས་བཞིན།
ཉི་ཟླའི་གླུ་ཚིག་འཐུ་ཞོར།
ལབ་ཙེ་དང་རྡེའུ་འབུམ་བར་ནས།
ག་ལེར་ཕེབས་ཤིང་ཐོལ་གྱིས་བཞུད་སོང་།
ཨ་་་་་ཁུ་བྱུག་སྔོན་མོ།
བྱ་ཁྱུ་ཞིག་གི་གནས་བབ་བསམས་ན།
རང་སེམས་འཁྲེང་དོན་མེད་པར།
ཕ་ཡུལ་གྱི་དུངས་པ་བསམས་ན།
མྱུར་དུ་ཕྱིར་ལ་ཕེབས་རོགས།