གྲོགས་དམ་པ་ཀ་བཞི་རང་ཚུགས།
གཞུག་མི་འཆོལ་ཀ་རྡོ་རང་བྱོན།
ཚིག་སྔར་བཤད་གདོང་མ་རང་འགྲིག
གཞུག་མི་འགྱུར་འཕལ་ག་རང་འཕྲོད།
ང་ཡི་གྲོགས་པོ། ང་ཡི་སྙིང་ཆུང་།
ཚེ་སྔོན་ལས་ཀྱི་ཁྱེད་རང་།
བསམ་འདུན་གཅིག་པའི་ཁྱེད་རང་།
རྒྱུ་འབྲས་གོ་ལྡོག་ཡིན་ཡང་།
དཀར་ནག་ལས་འབྲས་བྲལ་ཡང་།
རང་ས་ཆོལ་ཁ་གསུམ་པོ།
རང་ཡུལ་ཆུ་བཞི་སྒང་དྲུག
མིག་གིས་འཚོས་ཤིང་སེམས་ཀྱིས་སྲུང་ཡོད།
ང་ཡི་གྲོགས་མཆོག་སྨན་གྱི་ལྗོན་ཤིང་།

གྲོགས་དམ་པ་ལྷུ་བཞི་སྒ་ཆུང་།
གཞུག་མི་འཐོར་རྒྱུན་ཐག་རང་དོམ།
ལས་ཅི་སྒྲུབ་གློ་ཐག་གོ་རྒྱུན།
གཞུག་མི་འགྱུར་ཆབ་ལོང་རང་རྒྱུན།
ང་ཡི་གྲོགས་པོ། ང་ཡི་སྙིང་ཆུང་།
ཚེ་སྔོན་ལས་ཀྱི་ཁྱེད་རང་།
བསམ་འདུན་གཅིག་པའི་ཁྱེད་རང་།
བདེན་ལ་འགྱུར་བ་བྱུང་ཡང་།
སྡུག་ལ་འཛད་པ་མེད་ཀྱང་།
རང་ས་ཆོལ་ཁ་གསུམ་པོ།
རང་ཡུལ་ཆུ་བཞི་སྒང་དྲུག
མིག་གིས་འཚོས་ཤིང་སེམས་ཀྱིས་སྲུང་ཡོད།
ང་ཡི་གྲོགས་མཆོག་སྨན་གྱི་ལྗོན་ཤིང་།