དུས་ཚོད་ག་ཙམ་ཕྱིན་སོང་།
— N… ལ་ཕུལ་བ།

རྨི་ལམ་གྱི་གཤོག་པ་འཇའ་ཚོན་ལ་ཐོགས་པས
བྱིའུ་ཆུང་དེ་ནུ་འབུར་གྱི་ཟོམ་དུ་ལྷུང

ཉིན་མཚན་གྱི་ཁ་དོག་ལ་ཅེར་ཏེ
སེམས་ཀྱི་རི་མོ་ཡང་ཡང་བྲང་མགོར་གླན

རླུང་སྐྱ་འགམས་པའི་དགུན་དུས་འདི་ལ
ཁྱོད་ཀྱི་གམ་དུ་ལྷག་པའི་རྐང་རྗེས
ཁ་བ་ནག་པོས་བརྣགས་བྱུང་ངམ

དྲན་འཛིན་མ མེ་ལོང་ནང་གི་དྲན་འཛིན་མ
ངེས་མེད་དུ་ཁུར་བའི་ལོ་མ་སེར་པོ
ཆུ་བོ་གང་གི་ཁར་གཡེངས་ཏེ་སྦོང་ཡོད་དམ

མུན་ནག་གི་མིག་ཟུང་སྲེད་པས་འཚིག་ཀྱང
དྲོད་མ་ཡལ་བའི་སྙན་ངག་ཅིག
ད་དུང ངང་སྒུག་གིས་འབར་ཙམ་མཆིས
དུས་ཚོད་ག་ཙམ་ཕྱིན་ཡང

༢༠༡༤/༨/༡༣ཉིན