དཔྱིད།

བསིལ་རླུང་འཇམ་པོ་དལ་བུར་ལྡིང་བའི་ཚེ།། སྤྲིན་གྱི་མེ་ཏོག་ཟིམ་ཟིམ་འཇོ་བར་བྱེད།། སྔོ་འཇམ་ནེའུ་གསིང་ཡངས་བའི་སྤང་ཁུག་ཏུ།། དཔྱིད་དཔལ་དགའ་མའི་ལང་ཚོ་ངོམ་འདི་རྨད།།

དབྱར།

གཡུ་ཡི་མདངས་ལ་འཁུ་བའི་ནེའུ་གསིང་གཞིར།། མདོག་ལྡན་མེ་ཏོག་དྲི་བསུང་སྣ་ལ་ཞིམ།། རྐང་བཞི་དུད་འགྲོའི་འཕེལ་ཁ་དབྱར་མཚོ་བཞིན།། རྒྱས་པས་ཕྱུགས་རྫི་ཕོ་མོའི་གླུ་དབྱངས་སྙན།།

སྟོན།

གསེར་མདོག་སྙེ་མའི་རྦ་རླབས་མཚོ་ལྟར་གཡོ།། ཞིང་བའི་གདོང་ལ་སྔར་མེད་འཛུམ་མདངས་ཤིག། ཡལ་གའི་སྡོང་ལོ་སེར་པོ་ཆར་ལྟར་འབབ།། མ་དགའི་ཕྱི་བ་རྒོད་པོ་དུང་ལ་འཛུལ།།

དགུན།

གྲང་རེག་རྩུབ་མོ་ཚེར་མ་ལས་ཀྱང་བཙེས།། ཁ་བའི་མེ་ཏོག་བུ་མོའི་གདོང་ལ་གཟན།། དྭངས་བསིལ་ཉལ་འགྲོ་འཁྱགས་པའི་སྦུབས་སུ་ཉལ།། ས་འཛིན་རི་བོས་གོསདཀར་མནམས་འདི་རྨད།།