སྐྱོ་གླུ།
-བཙན་བུ།
མདང་ནུབ་ང་ཡི་རྨི་ལམ།།
ཉི་མ་ཚ་བ་རྨིས་ཐལ།།
ཁྲུང་ཁྲུང་ལྷོ་རུ་འཕུར་ནས།
ཁུ་བྱུག་མོན་ལ་ཆས་སོང་།།
འཛོམས་པའི་སྐལ་བ་མ་བྱུང་།།
རྟག་དང་མི་རྟག་མ་གསུངས།།
མིག་ཆུས་གདོང་ཀུན་བརླན་ནས།།
གདུང་སེམས་ཆོད་ཐབས་མི་འདུག།

མདང་ནུབ་ང་ཡི་རྨི་ལམ།།
ཟླ་བ་གཟའ་ཡིས་བཟུང་ཐལ།།
ཨ་ཇོ་ཕ་ཡུལ་གྱེས་ནས།།
ནུ་མོ་གནས་ལ་བུད་སོང་།།
འཛོམས་པའི་སྐལ་བ་མ་བྱུང་།།
རྟག་དང་མི་རྟག་མ་གསུངས།།
སེམས་པ་འཁྱག་པས་བསྡམས་ནས།།
སྡུག་བསྔལ་འཆད་ས་མི་འདུག།