གནས་འདི་ན
ཡང་བའི་རྩྭ་ཐང་ཞིག་མེད་པས
ཁོ་བོའི་སེམས་པ་ཡང རྩྭ་ཐང་གི་འཇམ་ཤ་བཞིན
ཡིད་དྭངས་པའི་རོལ་དབྱངས་དེ་སུ་ལ་ལེན

གནས་འདི་ན
མེ་མདའ་བཟུང་བའི་གཅན་གཟན་ཞིག་མཐོང་རྒྱུ་མེད་པས
སུ་ཞིག་བློ་བདེ་བག་ཕེབས་ཀྱིས་གནས་ཐུབ

2014.8.25