མཐིང་སྨུག་སྦྲ་རུ་ཨ་ཕའི་རྣམ་ཤེས་འཁྱིལ་ཡོད།
ཞོ་དང་འོ་མར་ཨ་མའི་བྱམས་བརྩེ་སྦྲུམ་ཡོད།
འབྲོང་རྭ་སྨུག་པོར་ཕུ་ནུའི་འདང་བརྩེ་ཆགས་ཡོད།
འཛོམས་པ་འདི་གསུམ་ཁྱིམ་གྱི་གཡང་ལ་འཁོར་ཡོད།
ཨོ་་་་་ཨོ་་་་་ཕ་ཡུལ།
ཕར་འགྲོ་མི་ཡི་དྲན་ཤིང་གི་ཕ་ཡུལ།
ཚུར་འོང་མི་ཡི་ཞེན་ཆགས་ཀྱི་ཕ་ཡུལ།

མཁར་ཁ་གྲུ་བཞིར་ཨ་ཕའི་རྣམ་ཤེས་འཁྱིལ་ཡོད།
སྦྲང་དཀར་རྩམ་པར་ཨ་མའི་བྱམས་བརྩེ་སྦྲུམ་ཡོད།
ལོ་ལེགས་སྙེ་མར་མ་སྲིའི་འདང་བརྩེ་ཆགས་ཡོད།
འཛོམས་པ་འདི་གསུམ་ཁྱིམ་གྱི་གཡང་ལ་འཁོར་ཡོད།
ཨོ་་་་་ཨོ་་་་་ཕ་ཡུལ།
ཕར་འགྲོ་མི་ཡི་དྲན་ཤིང་གི་ཕ་ཡུལ།
ཚུར་འོང་མི་ཡི་ཞེན་ཆགས་ཀྱི་ཕ་ཡུལ།