ཞར་བཀོད་གཅིག

 

མཚོ་མོའི་གཡོ་སྐྱོམ་གྱིས

ང་རང་སྤྲུགས་སྤྲུགས་སུ་བཏང་བྱུང

ང་ནི་ཆུ་ཡི་ཝུ་བ་ཞིག་དང་འདྲ་བར

གང་དུ་གཡོ་ན་དེ་རུ་བཞུར་འགྲོ

8/31/མཚོ་ཁར།

 

ཁེར་བཤད།

 

མུ་མཐའ་བྲལ་བའི་སྔོ་ཡོམ་ཡོམ་གྱི་མཚོ་མོ་འདི

ཁྱོད་ཀྱི་ལུས་ལ་གྱོན་པའི

ནམ་མཁའི་རྒྱ་ཁྱོན་འདི་ཡིན་ནམ

ཡང་ན  ཁྱོད་ཀྱིས་ང་ལ་བཞག་པའི

མིག་ཆུའི་གྲངས་ཚད་དེ་ཡིན་ནམ

 

8/31/མཚོ་ཁར།