སང་ཉིན་ད་དུང་དེ་རིང་དུ་གྱུར་མེད
དེའི་རྒྱུ་མཚན་གྱིས་སང་ཉིན་ནི་ཐ་སྙད་ཅིག་རེད
གཅིག་ཐང་ན་སང་ཉིན་ནམ་ཡང་དེ་རིང་དུ་འགྱུར་མི་སྲིད
དེའི་རྒྱུ་མཚན་སང་ཉིན་ནི་སང་ཉིན་ཡིན་པས་རེད
དེ་རིང་གིས་བླ་སྲོག་གི་བློ་ཁ་བྲིད་སྟབས
རྣམ་ཤེས་སང་ཉིན་གྱི་སྟེང་ལ་སེམས་པ་ཤོར
ཕྱིར་མིག་སྟོང་བའི་འགྲུལ་བཞུད་དེའི་རྗེས་སུ
རྣམ་ཤེས་ཀྱིས་རང་ཉིད་རྣམ་ཤེས་ཡིན་པ་བརྗེད
རྣམ་ཤེས་ཀྱིས་སང་ཉིན་སྙེགས་ནས་ལེ་བར་སྟོང་ཕྲག་བརྒལ་ཟིན
འོན་ཀྱང་རྣམ་ཤེས་སང་ཉིན་དང་འཛོམས་པའི་ལོ་རྒྱུས་འཛམ་གླིང་དུ་བྱུང་མ་མྱོང
ལན་པ་དེའི་དབང་གིས་རྣམ་ཤེས་སང་ཉིན་གྱི་ཆེད་དུ་བཟི་ཞིང་སྐྱུགས
རྒྱུ་མཚན་དེའི་རྐྱེན་གྱིས་རྣམ་ཤེས་ཀྱི་མགོ་བོ་འཐོམས་ཤིང་ཉོག
དེ་བས་ན་རྣམ་ཤེས་ཀྱིས་ཉིན་མོ་མཐོང་གི་མེད
ཡང་ན་མཐོང་ཡང་ངེས་ཟིན་གིིན་མེད
སྐུ་ཞབས་རྒྱལ་ལོ དེ་ནི་ཅི་ཡིན་ནམ
༢༠༡༤་༩་༢༥ཉིན།