ང་དང་མེ་ཏོག་སེར་ཆེན།།
ཆུ་བོ་འགྲམ་ནས་འཕྲད་བྱུང་།།
ཆུ་ལེན་བུ་མོ་ཞིག་གི།
སེམས་གཏམ་བརྗོད་ས་མིན་རུང་།།
དུང་བའི་ཟུར་མིག་འཕེན་དུས།།
སྤང་གི་རྒྱན་དུ་འཁྲུངས་ནས།།
བློ་བརྩེ་གཏོད་ས་ཡིན་འགྲོ།།

ང་དང་ཁ་བའི་བུ་མོ།།
གཡར་མོ་ཐང་ནས་འཕྲད་བྱུང་།།
ལུག་རྫི་བུ་མོ་ཞིག་གི།
སེམས་གཏམ་བརྗོད་ས་མིན་རུང།།
དྲན་པའི་གཞས་ཤིག་བཏང་དུས།།
འཛིན་མའི་རྒྱན་དུ་འཁྲུངས་ནས།།
བློ་རྩེ་གཏོད་ས་ཡིན་འགྲོ།།