རྒྱལ་བའི་ཡང་སྲིད་གསེར་གྱི་ཁྲི་ལ་བཀོད།།
བསྟན་པའི་འཁོར་ལོ་མུན་པའི་གླིང་དུ་བསྐོར།།
ངུར་སྨྲིག་རབ་བྱུང་བཙུན་པའི་ཁྲིམས་ཀྱི་སྡེ།།
འཛམ་གླིང་ཞི་བདེ་སྐྱོང་བའི་བདག་པོར་གྱུར།།

ཕ་རོལ་ཕྱིན་དྲུག་ཉམས་ལེན་སྒོམ་པ་བ།།
ས་ལམ་ཐོབ་པའི་སྐྱེས་བུ་དམ་པར་གྱུར།།
འཆད་རྩོད་རྩོམ་གསུམ་བདུད་རྩི་ལེགས་འཐུང་མཁན།།
དབེན་པའི་རི་ཁྲོད་དགོན་གྱི་ནགས་ན་བཞུགས།།

རྒྱབ་གྱི་རས་གཟན་སྣེ་མོ་རླུང་ལ་བསྐྱོད།།
དམ་ཆོས་འདུལ་བའི་གླེཊ་བམ་ཕྲག་ཏུ་ཁུར།།
ཡིད་སེམས་རི་ལ་འཁོར་བའི་འདུན་པ་བ།།
ཉིན་མཚན་བར་དུ་དབེན་པའི་དགོན་ན་འདུག།

སླུད་མེད་དཀོན་མཆོག་སྙིང་ནས་འདེབས་མཁན་པ།།
ཆོས་ཀྱི་སྙིང་ཁུ་ལྟེ་རུ་འཁྱིལ་ནས་མེ་ཏོག་བཀྲ།།
གང་ཞིག་སྒྲུབ་ཀྱང་འགྲོ་བའི་དོན་མཛད་པ།།
རབ་བྱུང་ངུར་སྨྲིག་འཛིན་པ་དེ་ལ་ཕྱག་འཚལ་བསྟོད།།

2014-9-24ཉིན་སྡེ་ཆེན་པོ་རོང་བོ་དགོན་ཆེན་ཐོས་བསམ་གླིང་གི་ཆོས་གྲྭར་འགྲམ་ནས།