ང་དང་ཁ་བའི་མེ་ཏོག།
ལས་དང་སྨོན་ལམ་དབང་གིས།།
ཁ་བ་གངས་རིའི་ལྗོངས་ནས།།
འཛོམས་པའི་བསྐལ་བ་འཕྲད་ཡོང་།།
འཚེ་མེད་གཡོ་འཕྲུལ་རླུང་གིས།།
མེ་ཏོག་ས་ལ་ལྷུང་ཞིང་།།
འདབ་མ་རླུང་ལ་བསྐུར་བས།།
སེམས་པ་སྡུག་གིས་ཁེངས་སོང་།།
ལྷ་མཆོག་ཕྱག་ན་པདྨོ།།
བོད་ཡུལ་དྭགས་པའི་ཞིང་ནས།།
ལྷན་འཛོམས་ལམ་ཞིག་གནང་རོགས།།

ང་དང་ཆུང་འདྲིས་བྱམས་པ།།
ལས་དང་སྨོན་ལམ་དབང་གིས།།
ཁ་བ་རི་བོའི་ལྗོངས་ནས།།
འཛོམས་པའི་བསྐལ་བ་འཕྲད་ཡོང་།།
འཚེ་མེད་གཡོ་འཕྲུལ་རླུང་གིས།།
ཤ་དང་རུས་པའི་བརྩེ་དུང་།།
གློ་བུར་ཁ་ཁར་གཏོར་བས།།
སེམས་པ་སྡུག་གིས་ཁེངས་སོང་།།
ལྷ་མཆོག་ཕྱག་ན་པདྨོ།།
ང་དང་ཆུང་འདྲིས་བྱམས་པ།།
བོད་ཡུལ་དྭགས་པའི་ཞིང་ནས།།
ལྷན་འཛོམས་ལམ་ཞིག་གནང་རོགས།།
2012.10