སེམས་ཀྱི་སྨྱུག་རིས།

གཏེར་སྣང་བྱེད།

ཁབ་མིག་ནང་ནས་མཁའ་ལ་ལྟོས།།
སྤྲིན་གྱི་ཐོག་ནས་རྟ་རྒྱུགས་བྱེད།།
ཉི་མའི་མཐའ་ན་འུག་པ་གྲགས།།
རླུང་པོ་དལ་གྱིས་འཇབ་ནས་འོང་།།

རྡོ་བའི་གསེབ་ནས་རྩྭ་ཕྲན་སྐྱེས།།
ཡུས་ཀྱི་མིད་པ་བརྣངས་བཞིན་དུ།།
གློག་འོད་འཕྲོ་བའི་མཚན་ལྗོངས་སུ།།
ཤོག་བུའི་གནམ་གྲུ་ཡར་ལ་འཕུར།།

སྒེའུ་ཁུང་ནང་གི་ཉི་འོད་ཀྱིས།།
མུན་པའི་རྒྱབ་གཟུགས་ཟས་སུ་སྒོམ།།
ཆུ་བོ་ཆུ་བོ་ཆལ་ཆིལ་བཞུར།།
མེ་ཏོག་ཡུ་བ་དུམ་བུར་གཅོད།།

དབྱངས་ཀྱི་ཞལ་གཟུགས་མཁའ་ན་ཡོད།
འཇའ་འོད་ཅིག་གི་དབུས་སུ་ཡོད།།
ལྷ་དམག་བྱེ་བ་དུང་ཕྱུར་ཡང་།།
གངས་ཁྲོད་བརྒྱུད་ནས་ཕྱིར་མིག་ལྟ།

འདས་པའི་ཤུལ་དུ་ད་ལྟ་ཡོད།།
ད་ལྟའི་རྗེས་སུ་མ་འོངས་ཡོད།།
ཚེ་ཡི་མ་ཕ་མཐའ་རྫོགས་མི་སྲིད།།
སེམས་ཀྱི་སྨྱུག་རིས་ནོགས་མི་སྲིད།།

༼རྩོམ་པ་པོའི་འཕྲིན་ཕྲན་སྦྲེལ་གནས།༽
—– 2322079314