དབྱར་ཟླ་དྲུག་པའི་ལག་མཐིལ་ནས་འཐོར་བའི་ཁ་བའི་འདབ་མ
ལྷིང་འཇགས་ཀྱི་སེམས་ཁམས་ལ་ཟུག་གཟེར་དུ་བཏེགས་པའི་མེ་ལོང
མགོ་བོ་ཡར་ལ་བཀྱགས་ནས་རང་ཉིད་ཀྱི་གཉེར་མ་མེད་པའི་ལང་ཚོ་ལ་ལྟ་དུས
དར་ལྕོག་གི་ངོ་གདོང་ན་དྭངས་གཙང་གི་འཛུམ་མདངས་མི་འདུག
དཔེ་དེབ་དང་བརྙན་འཕྲིན་ལས་བཏུས་པའི་རྨི་ལམ་གྱི་འཆར་ཡན
གཤིན་རྗེ་སད་ལ་བཤམས་པའི་མེ་ཏོག་གི་བདུན་ཚར་གྱི་མཆོད་པ
གྲོང་ཁྱེར་གང་གི་གློག་འོད་མི་གསལ་བའི་འུར་ཟིང་གི་ཆང་ཁང་ནས
འདུ་ཤེས་ཝུ་ཆང་ལ་བརྗེ་ནས་ཤི་མ་གསོན་གྱིས་ཏོག་ཙམ་སྐྱིད་པའི་སྣང་བ་དེའང
གདོད་མ་ནས་བསྲིངས་པའི་གཏེ་བོའི་སུ་ཡི་དགྲ་ལག་གི་གཞུང་གཞེས་ལ་གཤེགས་ན
གར་འོང་གར་འགྲོ་མི་ཤེས་པའི་གད་སྙིགས་ཀྱི་རྣམ་ཤེས་གཟུགས་མེད
མི་ཡུལ་གྱི་གནར་གཅོད་བསྡུ་བའི་སྤུས་མེད་ཀྱི་སྣོད་ཀ་ཚིག་པོ་ཞིག
ལོ་ཟླས་མི་ཐེགས་པའི་དུས་ཚོད་གང་གི་གཟུགས་འགྱུར་གྱི་དྲ་རྒྱར་ལྷུང་བའི་སེམས་ཁམས
མུན་ནག་གི་ཁང་བར་འཛུལ་ནས་ཉི་ཟླའི་འོད་ཟེར་ལ་འཁང་བའི་གཅེས་ཕྲུག་བཙན་པོ
ལོ་རྒྱུས་ཀྱི་དཔེ་ཆ་བ་གཉོམ་ཆུང་ཞིག་ཐབས་རྡུགས་ཀྱིས་ངུ་ཚུལ་ལ་བཅེར་ནས་དགོད་དུས
རྒས་རྒྱུ་མེད་པའི་འཇིག་རྟེན་རྒད་པོ་དེ་ཡང་ལོ་ངོ་འབུམ་གྱི་བྱིས་པ་བསམ་མེད་ཅིག
ཀླད་པའི་ཤོག་དཀར་ལ་བབས་པའི་འཇིག་རྟེན་གྱི་སྣང་བརྙན་གསོན་པོ
མཛའ་མོའི་ལག་ཁུག་ལས་བོར་བའི་རོགས་ཡིག་གི་ཟིན་ཐོ་གློ་ཁ་དེའི་དེ་རིང་དུ་འགྱུར་དུས
དབྱར་གཞུང་གི་ཁ་ཆར་བུ་ཡུག་སྦྲ་ནག་གི་ཏིང་འཛིན་དཀྲུགས་པའི་གཤེད་མ་སྟེ
ཡོད་ཚད་སྨྱོས་ཟིན་པའི་རྗེས་ཀྱི་བཟི་མ་ཐུབ་པའི་སྡུག་བསྔལ་གྱི་གནས་ལུགས་རྫོགས་མེད