དྲོད་ཁོལ་འཚོལ་བའི་མི་ཚོགས་ཤིག་གྲང་འཁྱག་གི་ཁང་ཆུང་ནས་ཕྱི་ལ་བུད
དགའ་བའི་སྐར་སྣེ་ལ་བཏགས་པའི་མངར་སྐྱུར་གྱི་བརྗོད་དོན་རེ་རེ
མི་ཡུལ་གྱི་སྒེའུ་ཁུང་ཕྱི་རོལ་ན་སོ་སོ་བའི་ནང་ལོགས་ཀྱི་མཛེས་སྡུག་ངོམས
ང་ནི་ཁེར་རྐྱང་དུ་བསྡད་ནས་ལོ་ངོ་གྲངས་ཀ་ལས་མང་བ་འགོར་སོང
སྟོང་བསམ་གྱི་བྱིས་སྒྲུང་ནར་ནར་འཇིང་འཇིང་གི་འབོལ་གདན་སྟེང
མོ་རྐྱང་སུ་ཞིག་གི་སོར་མཛུབ་ཀྱིས་སེམས་ཀྱི་ཤར་སྒོ་རྡུང་བར་རེ་ཞིང་སྒུག
མཚན་ངོགས་སུ་མི་རྐྱང་ཁོ་ནས་གོ་ཐུབ་པའི་རླུང་བུའི་རོགས་གཏམ་དེ
རང་ཉིད་ལན་པའི་འདས་དོན་གྱི་དཔེ་དེབ་མཐུག་པོའི་ཉིན་སྲིབ་ན
ཡིག་འབྲི་མ་ཡིན་པའི་སྐྱོ་མགུར་ཞིག་ཚོར་འདུའི་ཟབ་ས་ན་འཕག་འཚག་བགྱི
བརྩེ་དུང་གིས་ང་ལ་ཞོགས་པ་ནས་མི་རྐྱང་ཞེས་པའི་མིང་ཞིག་བཏགས་ཡོད
མིང་ངན་དེ་བརྩེ་དུང་གི་རྣམ་ཤེས་སུ་གཟུགས་འགྱུར་བའི་དུས་རིམ་ནང་དུའང
གནས་ལུགས་ཀྱིས་ང་ལ་གནས་ལུགས་ཀྱི་མི་རྐྱང་གི་དགེ་མཚན་གང་མང་འདོན
མཐའ་འཁོར་གྱི་སྐྱེས་བོ་ཚང་མས་དགའ་རོགས་སུ་དང་ལག་རྡང་སྦྲེལ་ནས
འདྲ་འདྲ་འགྲིག་འགྲིག་གི་བརྩེ་དུང་གླེང་བཞིན་ཚེ་སྲོག་གི་སྙིང་བོ་བཤད་དུས
ངས་ང་ནི་ཁྱིམ་ནས་ཁྱིམ་མེད་པར་རབ་དུ་བྱུང་བའི་འཇིག་རྟེན་པ་ཞིག་ཡིན་རབས་སྨྲས