མཚོ་ལྷོ།  གླིང་བུ།

ཟླ་བ་དཀར་བ་ཟླ་སྟོད་ཡིན།།
ཕ་མ་འཛོམས་པ་ཚེ་སྟོད་ཡིན།།
ཚེ་གཅིག་འཛོམས་པ་ལས་དབང་ཡིན།།
དྲིན་ལན་འཇལ་ཤོག་ཨ་མའི་བུ།།

ཉི་འོད་འཇམ་པ་སྔ་དྲོ་ཡིན།།
མིང་སྲིང་འཛོམས་པ་ཆུང་དུས་ཡིན།།
ཚེ་གཅིག་འཛོམས་པ་ལས་དབང་ཡིན།།
དྲིན་ལན་འཇལ་ཤོག་ཨ་མའི་བུ།།

མེ་ཏོག་བཞད་པ་དབྱར་ཁ་ཡིན།།
སྤུན་ཟླ་འཛོམས་པ་དར་དུས་ཡིན།།
ཚེ་གཅིག་འཛོམས་པ་ལས་དབང་ཡིན།།
དྲིན་ལན་འཇལ་ཤོག་ཨ་མའི་བུ།།

༢༠༡༤ལོའི་ཟླ༤པའི་ཚེས༡༨ལ།