ཟླ་བ། དུང་མདོག་གི་ཟླ་བ།
ཉེ་རིང་མེད་པར་མཁའ་ནས་འཁྲུངས་བྱུང་།
སྐར་མ་མང་པོས་མཐའ་ནས་བསྐོར་ཡོང་།
གངས་རིའི་མེས་པོར་ཕུལ་བའི་སྨོན་འདུན་ཡིན།
སྟག་ཤར་སེམས་ཀྱི་གཡུ་ཆུང་དྲུག་དཀར་ཡིན།
ཨ་་་་་་་་བཅོ་ལྔའི་ལྷ་ཟླ།
ཉ་གང་གི་ཟླ་བ།
ཕྲེང་ཐོགས་རྒན་པོའི་སེམས་ཁོང་ན་སྨིན་ཡོད།
ན་ཆུང་བྱིས་པའི་མིག་ལམ་ན་ཤར་ཡོད།

ཟླ་བ། དུང་མདོག་གི་ཟླ་བ།
ཉེ་རིང་མེད་པར་མཁའ་ནས་འཁྲུངས་བྱུང་།
སྐར་མ་མང་པོས་མཐའ་ནས་བསྐོར་ཡོང་།
གངས་རིའི་མེས་པོར་ཕུལ་བའི་སྨོན་འདུན་ཡིན།
སྨན་ཤར་སེམས་ཀྱི་དངུལ་གྱི་གདུ་བུ་ཡིན།
ཨ་་་་་བཅོ་ལྔའི་ལྷ་ཟླ།
ཉ་གང་གི་ཟླ་བ།
སེམས་དཀར་མི་ཡི་སེམས་ཁོང་ན་སྨིན་ཡོད།
ན་ཆུང་བྱིས་པའི་མིག་ལམ་ན་ཤར་ཡོད།

2014ལོའི་ཟླ11པའི་ཚེས1ཉིན་རང་ཤག་ནས།