གྲོགས་པོ་སྐེད་གྲི་ལ།
ཐོ་ཡོར།

རྒྱ་མཚོའི་ངོས་ནས་མེ་ཏོག་ཅིག་སྐྱེ་བའི་བར་དུ་སུ་ལའང་ལས་j
དབང་རེ་ཡོད
སྒེའུ་ཁུང་ནང་ནས་སྤྲིན་དང་སྨུག་པ་ལས་མ་མཐོང་ནའང
རབ་རབ་ཀྱི་ཕྱིར་དྲན་རེ་ཡོད
སྐྱེ་བ་འདི་ལ་ཁྱེད་ཀྱིས་བཟུང་ཞིང་སླར་ཡང་བཏང་བའི་ཕྱེ་ལེབ་ཅིག
མཚན་གུང་ཁོ་ན་འཕུར་འོངས་ཞིང་དེའི་རྒྱབ་གཟུགས་ལ་ལྟ་བ་ནི
ཁྱོད་ཀྱིས་རང་ཉིད་ཀྱི་མ་འོངས་པ་འགྲེལ་བ་ཡིན
སུ་ལའང་ཁག་དཀྲི་ས་མེད
འཇིག་རྟེན་འགྱུར་བཞིན་འདུག

གནག་ཅིང་རིང་བའི་སྐྲ་ལོ་དག་བཅད་པའི་དུས་སུ
ཁྱེད་ཀྱི་མེ་ལོང་དུ་མཚན་མོ་རེ་སྐྱེས་ཤིང
མཚན་མོ་དེ་དག་བར་ཐག་རེར་འགྱུར་བཞིན་ཡོད་ངེས

དོ་ཞག་ཅིག་ལ
ངས་ཚངས་དབྱངས་རྒྱ་མཚོ་ཟེར་བའི་གྲྭ་བ་ཞིག་དྲན་མྱོང
སྐྱིད་ཆུའི་ངོགས་ཀྱི་མཚན་མོ་དང་པོ་ཏ་ལའི་ཁ་གཏད་ཀྱི་ཟླ་བའང་དྲན་མྱོང
ཐག་རིང་གི་དར་སྐུད་དེ་ཁྱེར་ཤོག ས་གཞིར་ཆར་བ་བབས་བཞིན་འདུག
རྗེས་སུ་ཁྱེད་ཀྱིས་ལག་པ་གཡུག་བཞིན་འདུག
ང་ལ་སེམས་ངལ་ཆེ་དུས་ཞིག་ལ ངས་ཁྱེད་ལ་གྲོགས་པོ་ཞེས་བོས
ཁྱེད་རང་དྲན་པ་ནི་རྩྭ་ཐང་ཞིག་དྲན་པ་མཚུངས