འོ་མ་དཀར་པོ།

སྡེ་ཆེན་པོའི་དཀྱིལ་ནས་ལང་ཚོ་སྨིན་དུས།།
ཚིག་འགྱུར་མེད་ཡིན་ཅེས་དམ་བཅའ་བཞག་མྱོང་།།
གཟུགས་ལུས་ཕུང་འགྱུར་བ་ལོ་ཟླའི་སྐྱོན་རེད།།
སེམས་བསམ་པ་འགྱུར་བ་གང་གི་སྐྱོན་ཡིན།།

ཤ་རུས་པའི་བརྩེ་བ་འདྲེས་ནས་ཡོད་དུས།།
ཞེ་འདང་བརྩེ་མར་ཁུའི་མཚོ་མོ་འཁྱིལ་ཡོད།།
གཏམ་མྱི་ཁ་འཁོར་བ་ན་ཟླའི་དཔེ་རེད།།
ཞལ་འཛུམ་མདངས་མེད་པ་གང་གི་སྐྱོན་ཡིན།།

ཁུ་སིམ་པའི་མཚན་མོར་དུས་ཆད་བྱེད་དུས།།།
གཉོམ་དུང་ངེར་འཁྱུད་དེ་འོ་ཞིག་གནངས་བྱུང་།།
ལྷད་མེད་པའི་དུངས་སྣང་ཆུ་རྒྱུན་འདྲ་བོ།།
ཡུན་རིང་བོར་མེད་པ་གང་གི་སྐྱོན་ཡིན།།

སྐྱིད་བདེ་སྡུག་འཚོ་བའི་གར་ལ་རོལ་དུས།།
དགའ་དུངས་པའི་འབོད་པ་གཅིག་ར་གཅིག་རེད།
རྒྱུ་འབྱོར་བ་མེད་པ་སྔོན་གྱི་ལས་རེད།།
ཁྲེལ་ཕྱི་ཐག་མེད་པ་གང་གི་སྐྱོན་ཡིན།།

༢༠༡༢.༩.༢༣ཆབ་འགག་དུ།