གང་བུ་ལྷ་དཔལ་རྒྱལ(ཟི་ལིང)

མུན་སྟུག་གིས་བསླུས་ཟིན་པའི་དོ་དགོང
ངས་འདུ་འཛིང་གི་བྱ་དངོས་ཡོད་ཚད་རྒྱབ་ཏུ་དོར་ནས
རང་དབང་སྤྱོད་ཡུལ་དུ་གྱུར་བའི
སྙན་ངག་འདི་ཁོ་ནར
ཆགས་སྲེད་སྒྱེ་གང་གིས་ངོ་སོ་བསྟད
མི་ཆེན་དཔོན་ཆེན་གང་གི་སྲས་མོ་སྟེ
སྙན་ངག་གི་ངོ་གདོང་དང་མཇིང་པ མཆུ་ཏོ ནུ་འབྲས དེ་མུར
ཐ་ན་སྤུ་གྲ་ཉག་ཅིག་ལའང་ཤི་འཐམ་རོ་འཐམ་བརྒྱབ
ཁོ་མོ་སྤྱད་པས
ངས་འཁྲིག་སྲེད་ལས་བརྩེ་དུང་ཟེར་བ་མིག་ལྟར་སྲུང་ཡོད
ཁོ་མོ་མྱངས་པས
ངས་འཇིག་རྟེན་སྣང་བ་ཟེར་བའི་རྡོག་རྡོག་ཅིག་རྙེད་སོང
སྐབས་འགར་སྙན་ངག་གིས་ང་ལ
བརྩེ་གླུ་སྙན་མོ་དེ་ལེན་འོངས
རེ་འགར་སྙན་ངག་གིས་ང་ལ
འཁྲིག་སྲེད་ཀྱི་གཡབ་མོ་སློང་འོངས
དེ་མིན
རྐུབ་ཤ་ཁོ་ནར་རེག་ནས་ཁྱོད་ནི་མི་མ་རེད་ཟེར་ན
རང་ཉིད་ཀྱང་སྣང་ལ་མ་ངེས་པའི་འགྱོད་གདུང་རྩྭ་ཁུག་གང་ཡིན
ཡང་ན
ཐོབ་བསྐལ་མེད་པའི་ལན་ཆགས་སྤར་མོ་གང་དེ་ཡིན