ཁུར་བོ་མཐའ་དག་མཚན་མོའི་སྐར་ཚོགས་ཀྱི་སྒལ་བར་བཀལ་རྗེས
ད་ནི་རང་ཉིད་ཀྱི་ཚེ་བླ་སྲོག་གསུམ་རང་ཉིད་ལ་དབང་བའི་བདེ་སྐྱིད་ཀྱི་གླུ་སྐད་ཅིག
མར་མེ་དང་བདུག་སྤོས ལྷ་སྐུ་དང་ཆོས་དཔེ་སྤུངས་སའི་དཔེ་ཁང་གི་སྦུགས་ནས་གྲགས་འོང
སང་ཉིན་ཉི་གཞོན་གྱིས་འཇིག་རྟེན་གྱི་ཁམས་གཅེར་བུར་མ་ཕུད་པའི་ཡར་སྔོན་དུ
ཕྲེང་བ་དང་དཔེ་དེབ ཟེར་སྡེར་དང་བསམ་གཞིགས་ཀྱི་འོད་ཟེར་གསལ་ལ་མི་གསལ་འཐིབས་པའི་སྤྱིལ་བུ་འདིར
རི་མོ་ཅི་ཞིག་བྲི་བའི་མཚར་སྣང་གིས་བྲེལ་ཚེ
གཉིད་ཀྱི་བག་ཆགས་དག་སྐྱ་རེངས་ཀྱི་བག་མར་མཚན་བྲོས་བྱས་སོ

༢༠༡༤ལོའི་ཟླ༡༡ཚེས༡༩མཚན་མོར།