མི་ཚེ་ཡུན་ཐུང་།།

འཕྱོན་མའི་ཕུ་ཐུང་།།

གཞས་ལེན་འདོད་རུང་།།

སྐད་ཅིག་རྫོགས་སོང་།།

 

ང་རང་འདི་ནས།།

ཞག་གཅིག་བསྡད་པར།།

ལོ་ལ་བརྩིས་པའི།།

སྐར་ཆ་མགྱོགས་པ།

 

སང་ཞོགས་སྔ་མོར།།

ཤུན་པ་གཞན་དུ།།

དེ་རིང་ནུབ་མོར།།

ལབ་པ་དྲན་ནམ།།

 

ཉིན་ཐུང་ཡུད་ཙམ།།

མི་ཚེར་བསྙད་ནས།།

མཆོར་གོས་སྤྲས་ཀྱང་།།

ག་ཚད་གནས་སམ།།

 

ཆོས་རྒྱམ་སྨྱོན་པ།།

ཁ་སང་ཕེབས་པ།།

སང་ཉིན་སྔ་དྲོར།།

གང་ནས་མཇལ་ལམ།།

 

ཉི་རྩེ་མགོ་མར།།

མཚན་སྔགས་བགྲངས་ན།།

ཕུག་པའི་ལྡེབ་ལ།།

ཡི་དམ་འབྱོན་ནམ།།

 

རྒྱང་ནས་ཡོང་བའི།།

མགྲིན་སྔོན་བྱེའུས།།

མ་སྡོད་འགྲོ་ཟེར།།

གཤོག་པས་རྡེག་གིས།།