ཁྱོད་ཀྱི་མིག་ཟུང་ལས

འཇིག་རྟེན་གྱི་ཕུན་ཚོགས་མཐོང་ཐུབ

དྭངས་གཙང་གི་འཛུམ་མདངས་རེ་རེས

ངའི་སེམས་ཀྱི་གཏིང་ན་ཡུན་རིང་དུ་ཆགས་པའི སྡུག་བསྔལ་གྱི་ས་རྡུལ་དེ་བྱེ་ཡི

 

སྐད་ཅིག་ཙམ་གྱི་ཐུག་འཕྲད་དེ

ངས་གཏན་ནས་གཏན་དུ་བརྗེད་མི་བྲ

 

ཁྱོད་རང་ཉེ་བར་གཅར་རོགས

ང་གྱེས་འགྲོ་བར་སྐྲག་གི

 

2014/8པར་གྲུབ།