མཚན་སྨག་འདི་ནག་ན་ནག་གི་ཆུགས

1
ལོ་དེར་ཁ་ཁར་བུད་སོང་།།
སུས་ཀྱང་ཤེས་རྒྱུ་བྱུང་མེད།།
ལམ་དེ་རྐང་ལམ་སྐྱ་མོ།།
རི་རྐེད་འཐེན་ནས་བསྲིངས་ཡོད།།
2
ལོ་དེ་འདས་པ་འདྲ་ལ།།
ད་དུང་ཡིད་ན་གསོན་ཡོད།།
སྐབས་དེའི་སྣང་བརྙན་ཆ་ཚང་།།
པར་རིས་བཞིན་དུ་མི་ཡལ།།
3
ཁྲམ་ལ་ཨ་གསར་ཅན་ཞིག།
ང་ཡི་སྒོ་ལམ་བརྒྱུད་འགྲོ།།
མིག་ཟུང་རིག་རིག་ངང་གིས།།
ཅི་ཞིག་ཨེ་མཐོང་ལྟ་འདུག།
4
སྒོ་མོར་ཕྱི་ལྕགས་ནང་ལྕགས།།
ཧ་ཅང་བརྟན་པོར་བཟོས་ཡོད།།
ལྕགས་ཁང་གྲུ་བཞི་འདྲ་བོ།།
ང་ཡི་སྡོད་ཁང་ཡིན་འདུག།
5
ལོ་དེར་ཁ་ཁར་སོང་བ།།
བསམ་ན་བཟང་བོ་ཆགས་འདུག།
ང་འདི་ཁེར་རྐྱང་རབ་ཅིག།།
དཔེ་དེབ་རུམ་པས་བསླུས་སོང་།།
6
ཉིན་དང་མཚན་མོ་མི་དགོས།།
ང་རང་ཁྱིམ་ལ་འཛུལ་བསྡད།།
སྨག་ནག་དཀར་ཆ་གང་ཡང་།།
ང་ལ་འབྲེལ་བ་མི་འདུག།
7
ཁེར་འདུག་ལས་ཀྱིས་བསྐོས་སོང་།།
ཡིད་ལ་སྙན་ངག་འཐད་པས།།
དགའ་སྐྱོ་གང་ཡང་མི་འདུག།།
ཁྲེས་པོ་ཁུར་རྐྱང་བྱས་ཡོད།།