ནམ་ཟླ་བཞུར་ནས་ཉི་འོད་རྒས།།
གྲང་ངར་འཇབས་ཏེ་བསེར་བུ་ལྡང་།།
བུང་བ་ངུ་བཞིན་མེ་ཏོག་འགྱེལ།།
ཁྲུང་དཀར་དང་ནི་ངང་སེར་ཡང་།།
མིག་ཆུ་བསིལ་བཞིན་ལྷོ་རུ་བྱེར།།
ཀྱེ་མ་མི་ཚེའི་རི་མོ་ཡང་།།
སྒྱུ་མ་ཆུ་ཟླ་རྨི་ལམ་བཞིན།།
ཡུད་ཙམ་རྗེས་ནས་ཡལ་ཏེ་འགྲོ།།
དེ་སོགས་འཁོར་བའི་བྲག་ཅ་ལ།།
ཉན་གྱིན་ཉན་གྱིན་སྐྱོ་བ་འཕེལ།།

༢༠༡༣ ༡༡ ༨