གངས་ཆུ་རྒྱས་པའི་འདྲེས་མདོ་རུ།།དབྱངས་ཀྱི་འབོད་བརྡ་སྙན་ཞིང་འཇེབས།།མེ་རི་འབར་བའི་རུས་རྐང་གིས།།རོལ་དབྱངས་སྣུམ་མོ་རྟག་ཏུ་དཀྲོལ།།

མེ་ཏོག་འཐོར་བའི་གཞིས་ཁྱིམ་ལ།།ཚེ་རབས་དུ་མར་མངའ་ཐང་འཇགས།།རང་སྐྱོང་མཛེས་མའི་སྒལ་ཚིགས་བྲེག།རང་དབང་ཉེར་དགུའི་སྲོད་དུ་བསྡུས།།

མུན་པའི་རྩ་ལམ་རེ་རེ་ནས།།སྟོང་ཆེན་དགའ་མས་དར་གོས་བཀླུབས།།མཛེས་དཔྱོད་འཕྱོ་བའི་རླབས་ངོགས་སུ།།བདེན་པའི་སྨྲ་ལྕེ་ཡང་ཡང་འགུལ།།

ཆར་ཞོན་བྲག་རིའི་བམ་ཁར་སྡེབས།།རྒྱབ་རིའི་གྲིབ་མ་འདི་ལྟར་འཇབ།།ཚོར་ཤེས་འཐོམ་པའི་སྐྲ་རྩེ་རེར།།རྡུལ་རླུང་འཐབ་པས་དལ་གྱིས་གཡོ།།

 

བྱང་ལི་ཁྲིས།