ནར་སོན་གྱི་ལོ་ཟླའི་གོ་རིམ་ཁྲོད་ནས་དམིགས་ཡུལ་དུ་ཉར་བ
སུ་ལའང་གསང་ཐབས་བྲལ
གངས་ལམ་དང་མཚོ་མོ་སྟོབས་ཀྱིས་བརྒལ་ནས
ཕྱི་ཡུལ་གྱི་ལམ་འཕྲང་དོག་པོ་ཞིག་ལ་བསྙེགས

ཨ་ཕའི་སེམས་ཁུར་གྱི་ན་ཟུག་ལྕི་མོ
ཨ་མའི་དྲན་གདུང་གི་མིག་ཆུའི་ཕྲེང་ཐག
ད་དུང ཕུ་ནུའི་རེ་སྒུག་དང་བྱམས་པའི་ཞེན་ཆགས
ཡོད་ཚད་གཡུག་ནས ཡོད་ཚད་བསྐྱུར་ཏེ
ཁོ་ཚོ་དང་རྒྱང་ཐག་ཧ་ཅང་རིང་བའི་གནས་ཚང་ཞིག་ལ་
སྐྱབས་བཅོལ་ཡོད།

ང་ནི་སློང་མོ་བ་ལྟ་བུའི་འགྲུལ་བཞུད་པ་ཞིག་ཡིན།
ད་དུང འགྲུལ་བཞུད་འཚོ་བར་དགའ།
མུ་ནས་འགྲུལ་བཞུད་ཀྱི་ལམ་ལ་བསྐྱོད་འདོད།

07.31.2014 ཉིན།