སྙིང་ཉེ་མ   བརྩེ་དུང་རྣལ་མ་ཞིག་བཞེངས་ཏེ
ལོ་དང་ཟླ་བ   ཡང་ན་དུས་ཚོད་མང་པོ་ཞིག
སྐད་ཅིག་ལ་འདས་ཟིན་པ་ཁྱོད་ཀྱིས་ཀྱང་ལོས་དྲན

བསམས་གཞིག་གི་ཚེ་ན
འདས་ཟིན་པའི་བརྩེ་གདུང་གི་མཁའ་དབྱིངས་དེ
ཅི་འདྲའི མཐའ་ཡངས་པོ་ཞིག་ཡིན་འདུག
གཤོག་ཟུང་ཇི་ལྟར་བརྐྱངས་ཏེ
ལྡང་སྐོར་ག་ཚོད་ཅིག་བརྒྱབ་ཀྱ
རང་དབང་གིས་བརྩེ་བ་ལྷོད་ཡངས་ཞིག་ཁྲབ་ཆོག་མོད

འོན་ཀྱང   འགྱུར་ལྡོག་ནི་རང་བཞིན་གྱིས་སླེབས་ཡོང་བས
ནམ་མཁའ་འགྱུར་ལ    ས་གཞི་ཡང་འགྱུར
ཁྱོད་རང་འགྱུར་ལ   ང་རང་ཡང་འགྱུར
སེམས་པ་འགྱུར་ལ   བརྩེ་བ་ཡང་འགྱུར
ད་ནི ཡོད་ཚད་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་འདུག

མ་གཞི་ནས
ཁྱོད་ཀྱིས་བདམས་ལ   ངའི་ཀྱང་བདམས་ཟིན་པས
རང་གི་འཚོ་བས་དམིགས་བྱ་ཞིག་གམ
ལས་དབང་གི་བཀོད་པས་ལམ་བུ་ཀྱ་ཀྱུ་ཞིག་ཡིན་སྲིད
སུས་ཀྱང་གང་ལ་འཁང་ར་བྱེད་འཕོད་དམ

ཁྱོད་ཀྱི་ཁྲ་ཆུང་མིག་མཐའི་མཆུ་མ་སྐམ་སྲིད
ང་ཡི་མགྲིན་ཁར་ལྷུང་བའི་སྙིང་གཏམ་བཅད་སྲིད

2014/བཅུ་བའི་ཟླ་མཇུག་ལ།