ཁྲག་ཐིགས། མདོ་སྨད་རྔ་པ།
ཨ་རག་ཡིད་ཚིམ་པ་ཞིག་འཐུངས་རྗེས
མེ་ལོང་ངོས་ཀྱི་ས་རྡུལ་མཐའ་དག་རང་ཤུགས་ཀྱིས་ཡལ

དུ་བ་རྐང་ཐུར་གཅིག་མེ་ལ་བསྒྲོན་རྗེས
བློ་ཡིས་མི་དཔོག་པའི་ཚེ་འདི་ཕྱིའི་དོན་དག་མང་པོ་ཞིག་གཟུགས་བརྙན་བཞིན་དུ་ཤར

སྐབས་དེར་ང་ལ་འཇིག་རྟེན་འདིའི་བདེན་རྫུན་མཐའ་དག་ལ་དཀར་ནག་གི་ཐིག་ལེ་འབྲི་བའི་སྤོབས་པ་སྐྱེས
2015/1/1ཉིས་སྟོང་བཅོ་ལྔ་ལོའི་ཆེས་ཐོག་མའི་རང་མོས།