ངས་འཚོལ་བཞིན་པའི།
ལོ་མ་དམར་པོ།
རྒྱང་རིང་གི་ཡུལ་དེ་ན་མཛེས་སྡུག་
ངོམས་བཞིན་པའི་
ལོ་མ་དམར་པོ།
ངས་མཐོང་བསམ་པའི།
ལོ་མ་དམར་པོ།
ལོ་ཟླ་གྲངས་མེད་དེ་ལ་ང་ཁྱེད་ཀྱི་
མཛེས་སྡུག་གིས་བསླུས་སོང་
དུས་དེ་ནས།
ཁྱོད་ནི་ངའི་སེམས་ངོས་སུ་
སྐྱེས་པའི་ལོ་མ་དམར་པོ།