སྟོན་མཇུག ཡོད་ཚད་སྨིན་ཐག་ཆོད་དེ
ཁེངས་སེམས་ཀྱིས་ས་རུ་བྲུལ་དུས
ཡོད་ཆོག་པ་ནི་དགའ་སྣང་དང་
ངོམས་ཆོག་པའང་འབྲས་བུ་རེད

ཡིན་ཡང་ ལོ་མ་སེར་བོ
རླུང་བུས་བདས་ཏེ
གཏོལ་མེད་དུ་འཁྱམས་དུས
ཡིན་ངེས་པ་ནི་སྐྱོ་གདུང་དང་
བསྲན་དཀའ་བའང་ཕམ་ཁ་རེད

ལོ་མ ས་རུ་ཁྲུལ་བ་ནི
བོར་ཟིན་པའི་མཛེས་སྡུག་ཡིན་ལ
ལོ་མ རླུང་བུས་ཁྱེར་བའང་
ཡལ་ཟིན་པའི་ལང་ཚོ་རེད

ལོ་མ རླུང་གསེབ་ཀྱི་བྱ་སྤུ་བཞིན
ཆར་རྗེས་ཀྱི་འཇའ་ཚོན་ལྟར
ཆུ་ནང་དུ་ཁ་བ་བཞིན
ངེས་མེད་དུ་ཐོར་དུས
རང་ལ་དབང་བའང་རང་ཉིད་མ་རེད