ཟླ་བ འཛུམ་གྱིས་གཡོ་བའི་མིག་ཟུང་ཀེམ་ཀེམ
མིག་ཟུང་ བརྩེ་བས་འཁྱུགས་པའི་འོད་ཀོར་ཆེམ་ཆེམ

ཟླ་བ་ཤར་དུས མུན་པ་སངས་དུས
ཐམས་ཅད་འཇམ་ཇག་གེར་ལྷུང་ཡོང་དུས
ལྷིང་འཇགས་དང་ཁུ་སིམ་མེར་འཁྱིལ་བའི
ཁོར་ཡུག་འདི སེམས་པ་ནང་བཞིན
ལྷོད་ཆགས་སེ བདེ་དྲོད་ལེ

བསེར་བུ་དལ་མོའི་ངང་ བརྩེ་བ་འཇམ་པོའི་ངང་
གཞས་ཆུང་སྙན་མོས་སྙིང་གཏམ་སྦྲན་དུས
འུ་གཉིས་ཀྱི་སེམས་གཏམ་དྲོན་མོ
མཁའ་དབྱིངས་འདིའི་ཟབ་སར
མུན་པ་བརྟོལ་བའི་སྐར་མདའ་ཞིག་ལྟར་འཐིམ

ཁྱོད་ཀྱི་མིག་ཟུང་
འོད་ཀྲིག་ཀྲིག་་ངང་
འཁྱུག་འཁྱུག་གིས་གཡོ
ལྷུག་ལྷུག་ཏུ་འཚེར