དེ་རིང་ཚ་གདུག་ཧ་ཅང་ཆེ
ཝུ་ཆང་གི་བྲོ་བ་ཁོ་ན་འཇམ་བསིལ་བསིལ
ང་ཚོའི་གཞས་གདངས་ཁོ་ན་འཇམ་བསིལ་བསིལ
དེ་རིང་ནམ་མཁའ་ཧ་ཅང་དྭངས
སྤྲིན་པ་དཀར་བོང་ངེ
ནང་སེམས་ཀྱི་ལུག་ཁྱུ་དཀར་བོང་ངེ
དེ་རིང་ངོ་མ་སྐྱིད་ཐལ
དེ་རིང་ཤོག་བུ་ཞིག་ཏུ་བྲིས་ནས་མ་འོངས་པའི་ཡིག་ཟམ་དུ་བསྐུར་འཇོག
དེ་རིང་གི་པར་རིས་རེ་རེ
དུང་ཕྲུག་ལུང་བའི་མེ་ཏོག་རེ་རེར་གྱུར
དབྱར་གཞུང་འདི་ཤོག་བུ་སྲབ་མོ་ཞིག་བཞིན་ང་ཚོས་དྲིལ་ནས་བུད་སོང