བྱིས་དུས་སུ།
ང་ལ་རྨི་ལམ་ཅིག་ཡོད།
སུ་ལའང་བཤད་མ་མྱོང་བའི་རྨི་ལམ་ཅིག་ཡོད།
དུས་དེ་རིང་།
ངའི་རྨི་ལམ་དེ་སུ་ལའང་བཤད་འདོད།
ཕ་བཙན་པོར་བུ་ཞིག་འཁྲུངས་པའི་རྨི་ལམ་དེ།
བུ་དཔའ་བོའི་ཕ་མཁར་བཟུང་བའི་རྨི་ལམ་དེ།
སུམ་གཉིས་ས་ཡི་དཀྱིལ་འཁོར་བཙན་པོའི་དབང་དུ་བསྒྱུར་ཞིང་།
ཡར་ལུང་སོག་ཁའི་དབང་ཐང་འཛིན་མའི་ཁྱོན་དུ་གཡོ་བའི་རྨི་ལམ་དེ།
དུས་དེ་རིང་ངའི་སུ་ལའང་བཤད་འདོད།
ལྷག་པར་དུ་བོད་ཀྱི་ཤ་ཁྲག་རུས་རྐང་ལ་རྒྱ་ནག་པོའི་འཇབ་རྒོལ་ཐེབས་ཀྱིན་པའི་དེ་རིང་།
ངའི་སྐད་གསེང་མཐོན་པོའི་བཤད་འདོད།
འདི་ནི་རྨི་ལམ་མ་ཡིན་དེ།
འུ་ཅག་ལ་རྨི་ལམ་གྱི་ངོས་ཟིན་ལས་མེད་པའི་ཕ་བཙན་པོའི་ལོ་རྒྱུས་རེད།
འདི་ནི་བསྒྱུར་ཀྱང་འགྱུར་ཏུ་མེད་པའི་བོད་བཙན་པོའི་རིགས་དང་རུས་པ་ཡིན།