སེམས་སུ་ལྷུང་བའི་མཆི་མ་ཞིག་དེ
མཆོད་རྐོང་ཞིག་གི་ནང་དུ
བལྟམས་ཡོད སྒྲོན་ཡོད

འོ་དོད་ཀྱིས་ཞིག་པའི་རྣམ་ཤེས
རླུང་གིས་ཁུར་བའི་རྡུལ་འཚུབ་དང་འདྲ་བར
མི་སྣང་བའི་རྒྱང་ཐག་ཅིག་ཏུ་ཡལ

ས་ཆེན་པོའི་ཤོག་ངོས་ལ་བྲིས་པའི་མིག་ཆུ
གནམ་སྔོན་པོའི་བྲང་གཞུང་གི་སྤྲིན་ནག
དུས་ཚོད་ཀྱིས་བརྣོག་མི་ཐུབ་པའི་དུར་ས

སེམས་སུ་ལྷུང་བའི་མཆི་མ་ཞིག་དེ
མཆོད་རྐོང་ཞིག་གི་ནང་དུ
བལྟམས་ཡོད སྒྲོན་ཡོད

༢༠༡༤/༤/༡༤ཉིན་སྦྱར།