དབྱངས་ཅན་སྲས་པོ།

ར༵བ་དཀར་ཁ་བའི་དོ་ཤལ་མགུལ་དུ་སྤུད། །
ར༵བ་མཛེས་གོས་བཟང་ལུས་ལ་རྒྱན་པ་པོ། །
ར༵བ་བརྗིད་གཟུགས་ཀྱི་འཁྲིལ་བག་སྟོན་གྱུར་པའི། །
ར༵བ་ལེགས་གྲུ་འཛིན་གཉིས་པའི་ཉམས་འགྱུར་བཟང་། །

ཆོ༵ས་སྲིད་ཉི་ཟླའི་འོད་སྟོང་འབར་བའི་དཔལ། །
ཆོ༵ས་ལྡན་ཁ་བའི་ལོ་རྒྱུས་ངོགས་ན་གཏམས། །
ཆོ༵ས་དང་རིག་གནས་ལག་ཏུ་ལེན་གྱུར་ནས། །
ཆོ༵ས་འབྱོར་དཔལ་གྱི་ཉིང་ཁུ་ཐུངས་སུ་གསོལ། །

ལེ༵གས་བཤད་རིན་ཆེན་རི་ལྟར་མ་འཇོག་པར། །
ལེ༵གས་ལྡན་བློ་གྲོས་རྨང་གི་གཞི་སྟན་མཛོད། །
ལེ༵གས་ཚོགས་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ནས། །
ལེ༵གས་བྱས་མི་ལུས་དོན་དང་ལྡན་པར་གནོངས། །

རྒྱ༵ལ་སྲིད་ཆོས་མཐུན་མཛད་པ་བསྐྱངས་པ་འདི། །
རྒྱ༵ལ་ཁམས་སེམས་ཅན་ཀུན་གྱི་བསོད་ནམས་ཡིན། །
རྒྱ༵ལ་བསྟན་ཡིད་བཞིན་ནོར་བུར་གསོལ་བཏབ་ནས། །
རྒྱ༵ལ་ཁམས་ཞི་བདེའི་དཔལ་ལ་འབྱོར་དུ་གསོལ། །

བཟ༵ང་ཉམས་སྟོན་མཁས་མི་བུ་འགའ་ཤས་ལ། །
བཟ༵ང་པོའི་རྣམ་དཔྱོད་འགྲོག་ནས་བརྟག་པ་ལས། །
བཟ༵ང་ངན་འདྲེས་མའི་ཚིག་གི་མཆོད་གྱུར་ན། །
བཟ༵ང་སྤྱོད་ཚུལ་ལ་བསྟེན་ནས་བསླུ་བྲིད་སྲིད། །

སྙ༵ན་ངག་ཚིག་གི་སྦྱོར་བ་མེད་གྱུརད་ཀྱང་། །
སྙ༵ན་པའི་གཏམ་གྱི་ཆོས་ལྡན་མི་བུ་ལ། །
སྙ༵ན་ཚིག་སྦྱོར་བ་དབེན་པའི་སེམས་གཏམ་འདི། །
སྙ༵ན་ངག་འབྲི་ལ་དགའ་བས་ཁོ་བོས་སྦྱར། །

ཤྲཱི་ནཱ་ལེནྡྲའི་ལྔ་རིག་དགའ་བའི་ཚལ་དུ་ཉིན་གུང་བར་གསེང་ལ་མགྱོགས་བྲིས་སུ་འགོད་པའོ། །