ཨ་ཁུ་ཉི་མ་དྲོ་དྲོ།
དྲོད་སྐྱིད་ཉི་མ་འཇམ་འཇམ།
ཤར་ནས་ནུབ་ལ་འགྲོ་འགྲོ
ཡང་བསྐྱར་ཤར་ནས་འཆར་འཆར།
ཉི་མ་མ་འགྲོ་ཨ་ཁུ་ཉི་མ།
ནུབ་ཀྱི་རླུང་བུར་མ་སྐྲག་ཨ་ཁུ་ཉི་མ། བྱང་གི་སྤྲིན་པར་མ་འཇིགས་ཨ་ཁུ་ཉི་མ།
ཉི་མའི་བུ་ཆུང་རི་ནས་རྩེད་དགོས།   ཨོ ་་་་་་་
རི་རྩེ་རྡོ་ཆས་རྩེད་ར། རི་འདབས་འབའ་རྡེའུ་ཆེ་ཆུང་།
ཨ་ཁུ་ཉི་མས་གནང་བའི་རྩེད་ཆས་ཡིན།

ཨ་ཁུ་ཉི་མ་དྲོ་དྲོ།
དྲོད་སྐྱིད་ཉི་མ་འཇམ་འཇམ།
ནུབ་ལ་འགྲོ་དུས་ག་ལེར།
ཡང་བསྐྱར་ཤར་དུས་ག་ལེར།
ཉི་མ་མ་འགྲོ་ཨ་ཁུ་ཉི་མ།
ས་གཞིའི་རྡུལ་ལ་མ་སྐྲག་ཨ་ཁུ་ཉི་མ།
ཕྱོགས་བཞིའི་སྨག་ལ་མ་འཇིགས་ཨ་ཁུ་ཉི་མ།
ཉི་མའི་བུ་མོ་ཆུ་ནས་རྩེད་དགོས།   ཨོ་་་
ཆུ་སྟེང་རླབས་རིས་གོར་མོ   ཆུ་རྡོ་སྔོ་སེར་དཀར་དམར།
ཨ་ཁུ་ཉི་མས་གནང་བའི་རྩེད་ཆས་ཡིན།