མཐིང་སྨུག་སྦྲ་ཆུང་ནང་གི།
ཆུང་ཆུང་ལུ་གུ་རྩེད་རོགས།།
ལོ་དང་ཟླ་བའི་ཁྲོད་དུ།།
ཉིན་དང་མཚན་མོའི་དུས་ལ།།
སེམས་པའི་གཏིང་རིམ་ཉར་ནས།།
དུངས་སེམས་སྙིང་ལ་བརྐོས་ཡོད།།
ད་ལོ་རུས་ལ་སྨིན་སོང་།།
ཁ་ཐག་རིང་བ་མ་གནང་།།
ཆུང་ཆུང་་་་་་ལུ་གུ་རྩེད་རོགས།
ཆུང་ཆུང་་་་་་སྙིང་གི་རོགས་ལོ་ཡིན།
 
མཐིང་སྨུག་སྦྲུ་ཆུང་ནང་གི།
ཆུང་ཆུང་ལུ་གུ་རྩེད་རོགས།།
ཕྱིར་ལོར་འགྱུར་བ་མེད་ན།།
བརྩེ་བའི་མདུད་པ་བརྒྱབ་ནས།།
དྲན་པའི་དགུ་ཚིག་བཞེངས་ཆོག།
དྭངས་པའི་སེམས་པ་ཡོད་ན།།
སེམས་དང་སེམས་པ་བརྒྱུས་པའི།།
རྨུ་ཐག་ཆད་ས་མ་རེད།།
ཆུང་ཆུང་་་་ལུ་གུ་རྩེད་རོགས།
ཆུང་ཆུང་་་་སྙིང་གི་རོགས་ལོ་ཡིན།