ཕ་གི་ཆུ་བོའི་གཞུང་ལ།།
དྭངས་གཙང་ཆུ་མོ་ཤང་ཤང་།།
ཆུ་ནང་ཉ་མོ་རྩེན་རྩེན།།
ཆུང་སྐྱེས་བུ་མོ་སྒྲོལ་མས།།
འཇམ་ཤ་ཆུ་ལ་གླན་ནས།།
དུངས་སེམས་ཆུ་མོ་སྐྱོམ་སྐྱོམ།།
བརྩེ་བ་རྡོ་ལ་བརྐོས་ནས །།
ངང་རྒྱུད་ཆུ་ལས་དྭངས་སོང་།།

ཕ་གི་སྤང་རིའི་སྟེང་ལ།།
བསིལ་རླུང་འཇམ་བུ་ལྡིང་ལྡིང་།།
མཛེས་པའི་་མེ་ཏོག་ལྡེམ་ལྡེམ།།
ཆུང་སྐྱེས་བུ་མོ་སྒྲོལ་མས།།
འཇམ་ཤ་སྤང་ལ་གླན་ནས།།
དུངས་སེམས་ལུ་གུ་རྩེན་རྩེན།།
བརྩེ་བ་སྤང་ལ་གཏད་ནས།།
གཤིས་རྒྱུད་བལ་ལས་འཇམ་སོང་།།